གནམ་གྲུ་བཙན་ཁྲིད་ཀྱི་སྡིགས་ར་བྱོར་རྗེས་མུམབེ་(Mumbai) དང་ཧཡི་རྡ་ར་བཌ་(Hyderabad) དེ་བཞིན་ཅི་ནཱཡ་(Chennai)གནམ་གྲུ་འབབ་འཛུགས་སུ་ཉེན་སྲུང་དོ་དམ་ཚེ་རུ་ཕྱིན་པ།

ངོ་བབ་ཁང་དུ་བཙན་ཁྲིད་ཀྱི་འཇིགས་བསྐུལ་བྱོར་བའི་རྗེས་སུ་རྒྱ་གར་གྱི་གནམ་གྲུ་འབབ་འཛུགས་ཁང་ཆེ་བ་གསུམ་མུམབེ་(Mumbai) དང་ཧཡི་རྡ་ར་བཌ་(Hyderabad) དེ་བཞིན་ཅི་ནཱཡ་(Chennai)གནམ་གྲུ་འབབ་འཛུགས་སུ་ཉེན་སྲུང་དོ་དམ་ཚེ་རུ་ཕྱིན་ཡོད་ རེས་གཟའ་སྤེན་པར་མུམ་བེ་ཉེན་རྟོག་པ་རྣམས་ལ་མུམ་བེ་གནས་བཞུགས་པའི་བུད་མེད་ཞིག་གིས་གློག་ཕྲིན་འབྱོར་རྗེས་གཞུང་འབྲེལ་ལས་བྱེད་པ་རྣམས་ཀྱི་གནམ་གྲུ་འབབ་འཛུགས་ཆེ་ཁག་གསུམ་དུ་སྲུང་སྐྱོབ་དི་དམ་ཆེ་རུ་གཏོང་ཡོད་ གློག་ཕྲིན་དེ་ཡི་ནང་བུད་མེད་དེ་དག་གིས་ཉེ་འཁོར་དུ་གནསཔའི་བུ་དྲུག་གིས་གནམ་གྲུ་བཙན་ཁྲིད་ཀྱི་གླེང་མོལ་བྱེད་བཞིན་པ་མགོ་ཐོད་བྱུང་པ་བྲིས་ཡོད་པ་རེད་དོ་