ཁྲིམས་མཐོ་ཤོས་ཀྱིས་ས་འ་ར་ཚོང་སྡེའི་ཨམ་བི་ཝེ་ལིའི་ས་ཆ་ཚོང་རྒྱུའི་བཀའ་བཏང་གནང་འདུག།

 

ཁྲིམས་མཐོ་ཤོས་ཀྱིས་བོམ་བེ་(Bombay) ཁྲིམས་ཁང་མཐོ་བ་ལ་རྒྱ་སྒོར་བྱེ་བ་༣༤,༠༠༠ ཙམ་གྱི་རིན་ཐང་ཡོད་པའི་ས་འ་ར་ཚོང་སྡེའི་ཨམ་བི་ཝེ་ལིའི་ས་ཆ་(Sahara Group’s Aamby Valley) ཚོང་རྒྱུའི་བཀའ་བཏང་གནང་འདུག་   ཁྲིམས་ཁང་མཐོ་ཤོས་ཀྱིས་ས་འ་ར་ཚོང་སྡེའི་འགན་འཛིན་གཙོ་བོ་སུ་བར་ཏ་རོ་ཡེ་(Subrata Roy) ལ་ཁྲིམས་ཁང་ནང་ཡོང་རྒྱུའི་བཀའ་ཀྱང་བཏང་གནང་འདུག་