སོ་ནོ་ཝལ་མཆོག་གིས་རྒྱ་གར་ལ་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ལུ་ཛའུ་འི་ལ་མཇལ་འཕྲད་གནང་བ།

རེས་གཟའ་ཟླ་བར་གུ་ཝ་འ་ཊི་(Guwahati) ལ་ཨ་སམ་གྱི་ཆབ་སྲིད་བློན་ཆེན་སར་བ་ནན་ཌ་སོ་ནོ་ཝལ་(Sarbananda Sonowal) མཆོག་གིས་རྒྱ་གར་ལ་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ལུ་ཛའུ་འི་ལ་མཇལ་འཕྲད་གནང་སྟེ་བརྗོད་གཞི་དུ་མའི་ཐོག་གྲོས་མོལ་གནང་འདུག་

སོ་ནོ་ཝལ་མཆོག་གིས་གསུངས་དོན་དུ་   ཨ་སམ་མངའ་སྡེ་ནི་རྒྱ་ནག་གི་ཉེ་འགྲམ་དུ་ཡོད་པས་ས་ཆ་དེ་གཉིས་འཚོང་འབྲེལ་ཡར་རྒྱས་གཏོང་ཆེད་དུ་ཉམ་ལས་བྱེད་ཐུབ།