ཁྲིམས་ཁང་མཐོ་ཤོས་ཀྱིས་རྒྱལ་གླུ་དང་རྒྱལ་ཁབ་ཀྱི་གཞས་གོང་སྤེལ་གཏོང་ཐབས་སུ་སྲིད་བྱུས་བཟོས་དགོས་ཡོད་མེད་ཀྱི་དབུས་གཞུང་གི་དགོངས་པ་གང་ཡིན་པའི་རེ་སྐུལ་ཞུ་བ།

ཁས་ས་རེས་གཟའ་མིག་དམར་ལ་ཁྲིམས་ཁང་མཐོ་ཤོས་ཀྱིས་རྒྱལ་གླུ་དང་རྒྱལ་ཁབ་ཀྱི་གཞས་གོང་སྤེལ་གཏོང་ཐབས་སུ་སྲིད་བྱུས་བཟོས་དགོས་ཡོད་མེད་ཀྱི་བདུན་ཕྲག་༤ ཡི་ནང་དུ་དབུས་གཞུང་གི་དགོངས་པ་གང་ཡིན་པའི་རེ་སྐུལ་ཞུ་གནང་འདུག་

ཁྲིམས་མཐོ་ཤོས་ཀྱིས་སྔོན་ལོ་ཕྱི་ཟླ་༡༡ ཚེས་༣༠ ལ་གློག་བརྙན་ཁང་གི་ནང་དུ་གློག་བརྙན་འགོ་མ་འཛུགས་སྔོན་ལ་རྒྱ་གར་རྒྱལ་གླུ་གཏོང་རྒྱུ་དང་མི་མང་རྣམས་སྐབས་དེ་དུས་ཡར་ལངས་དགོས་པའི་བཀའ་བཏང་གནང་འདུག།