གནས་འཕྲིན་དང་དྲིལ་བསྒྲགས་འབྲེལ་ཡོད་བློན་ཆེན་ཝེན་ཀ་ཡེ་ནཻ་ཌུ་མཆོག་གིས་ཨི་ཊ་ན་གར་ལ་གློག་བརྙན་གྱི་ལྟེ་གནས་ཁང་འཛུགས་སྐྲུན་བྱེད་རྒྱུ་ཡིན་སྐོར་གསུངས་འདུག།

ཁས་ས་གནས་འཕྲིན་དང་དྲིལ་བསྒྲགས་འབྲེལ་ཡོད་བློན་ཆེན་ཝེན་ཀ་ཡེ་ནཻ་ཌུ་མཆོག་གིས་གསར་འགོད་པར་ཨི་ཊ་ན་གར་ལ་གློག་བརྙན་གྱི་ལྟེ་གནས་ཁང་འཛུགས་སྐྲུན་བྱེད་རྒྱུ་ཡིན་སྐོར་གསུངས་འདུག་   འདི་ལོའི་ཕྱི་ཟླ་༥ ཚེས་༡༥ ནས་ལྟེ་གནས་ཁང་དེར་འཕྲལ་སེལ་གྱི་བདུན་ཕྲག་༡༠ ཡི་རིང་སློབ་ཚན་འགོ་འཛུགས་རྒྱུ་རེད་འདུག་

བློན་ཆེན་མཆོག་གིས་ལྟེ་གནས་ཁང་འཛུགས་བསྐྲུན་བྱེད་རྒྱུའི་ཆེད་རྒྱ་སྒོར་བྱེ་བ་༢༠༠ མ་འཛུགས་བྱེད་རྒྱུ་རེད་འདུག་   ཁོང་གིས་ལྟེ་གནས་ཁང་དེས་རྒྱ་གར་གྱི་བྱང་ཤར་མཆོག་གི་སློབ་ཕྲུག་རྣམས་ལ་ཕན་ཐོག་ཆེན་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་ཡང་གསུངས་འདུག།