རྒྱལ་ཡོངས་ལྗང་ཁུའི་ཁྲིམས་ཞིབ་ཁང་གིས་བེང་ག་ལུ་རུ་མཚོའི་ཉེ་འགྲམ་དུ་ཡོད་པའི་བཟོ་གྲྭ་ཚང་མ་སྒོ་བརྒྱབ་རྒྱུའི་བཀའ་བཏང་གནང་བ།

རྒྱལ་ཡོངས་ལྗང་ཁུའི་ཁྲིམས་ཞིབ་ཁང་(National Green Tribunal) གིས་ས་ཕུང་བྱེད་པའི་གད་སྙིགས་མེར་སྲེགས་བྱས་འདུག་པས་བེང་ག་ལུ་རུའི་(Bengaluru) བེ་ལན་ཌུར་(Bellandur) མཚོའི་ཉེ་འགྲམ་དུ་ཡོད་པའི་བཟོ་གྲྭ་ཚང་མ་སྒོ་བརྒྱབ་རྒྱུའི་བཀའ་བཏང་གནང་འདུག་

རྒྱལ་ཡོངས་ལྗང་ཁུའི་ཁྲིམས་ཞིབ་ཀྱི་ཚོགས་གཙོ་ས་ཝ་ཊན་ཊེར་ཀུ་མར་(Swatenter Kumar) གྱིས་མཚོའི་ཉེ་འགྲམ་དུ་གྲོང་སྡེའི་གད་སྙིགས་གཡུག་མ་ཆོག་པ་བཟོས་གནང་འདུག།