པ་ཀིས་ཏན་ཁྲིམས་ཁང་མཐོ་ཤོས་ཀྱིས་སྲིད་བློན་ན་ཝ་ཛ་ཤ་རི་ཕི་མཆོག་ལ་དངུལ་བཙོ་བླག་བྱེད་པའི་ནག་ཉེས་ཀྱི་གནས་དོན་ཐོག་ཞིབ་དཔྱོད་རུ་ཁག་ལ་བཅར་རྒྱུའི་བཀའ་བཏང་གནང་བ།

པ་ཀིས་ཏན་(Pakistan) ཁྲིམས་ཁང་མཐོ་ཤོས་ཀྱིས་སྲིད་བློན་ན་ཝ་ཛ་ཤ་རི་ཕི་(Nawaz Sharif) མཆོག་དང་ཁོང་གི་བུ་གཉིས་འ་སན་(Hassan) དང་འུ་སེན་(Hussain) ལ་དངུལ་བཙོ་བླག་(money laundering) བྱེད་པའི་ནག་ཉེས་ཀྱི་གནས་དོན་ཐོག་ལྷན་ཚོགས་༣ གྱི་ཟུང་སྦྲེལ་ཞིབ་དཔྱོད་རུ་ཁག་(Joint Investigation Team) ལ་བཅར་རྒྱུའི་བཀའ་བཏང་གནང་འདུག།