བི་འར་མངའ་སྡེའི་ཆབ་སྲིད་བློན་ཆེན་ནི་ཊིས་ཀུ་མར་མཆོག་གིས་སོ་ནི་ཡ་གན་དི་དང་མཇལ་འཕྲད་གནང་བ།

ཁས་ས་རྒྱལ་ས་དཱི་ལི་རུ་བི་འར་མངའ་སྡེའི་ཆབ་སྲིད་བློན་ཆེན་དང་ཇེ་ཌི་ཡུ་(JDU) ཆབ་སྲིད་ཚོགས་པའི་འགན་འཛིན་ནི་ཊིས་ཀུ་མར་(Nitesh Kumar) མཆོག་གིས་སོ་ནི་ཡ་གན་དི་(Sonia Gandhi) མཆོག་དང་མཇལ་འཕྲད་གནང་བ་དང་སྲིད་འཛིན་གྱི་འོས་མིང་དུ་འཇུག་ཆེད་དུ་མཉམ་བཞུགས་ཀྱི་འོས་མི་འོས་འདེམས་བྱེད་དགོས་སྐོར་གསུངས་འདུག་