རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་པར་དེཤ་(Arunachal Pradesh)ཡི་ས་ཁུལ་དྲུག་ཏུ་རྒྱ་ནག་གཞུང་གིས་མིང་གསར་པ་སྤྲད་པར་དགག་པ་རྒྱག་པ།


རེས་གཟའ་ཕུར་བུར་རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་པར་དེཤ་(Arunachal Pradesh)མངའ་འདེ་ཡི་ས་ཁུལ་དྲུག་ཏུ་རྒྱ་གཞུང་གིས་མིང་གསར་པ་སྤྲད་པར་དགག་པ་རྒྱག་སྟེ་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁོངས་ཡོད་པའི་ས་ཁུལ་དུ་མིང་གསར་པ་མཛུག་བསྐྲུན་བྱེད་པས་ཁྲིམས་འགལ་གྱི་བདག་བཟུང་དེ་དག་ཁྲིམས་མཐུན་བཟོས་མི་ཐུབ་ཅེས་བཀའ་ལན་ལེགས་པོ་གནང་འདུག་ ཕྱི་འབྲེལ་ལྷན་ཁང་གི་ངོ་ཚབ་པ་གོ་པལ་བག་ལེ་(Gopal Baglay) མཆོག་གིས་ཨ་རུ་ན་ཅལ་པར་དེཤ་(Arunachal Pradesh)ནི་མཐའ་གཅིག་ཏུ་རྒྱ་གར་གྱི་ཆ་ཤས་ཡིན་ཅེས་བཀན་ནན་མཛད་འདུག་གོ་
རེས་གཟའ་ལྷག་པར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱང་ཤར་མགའ་འདེ་ཡི་ས་ཁུལ་དྲུག་ལ་མིང་གསར་པ་བརྟག་སྟེ་ལས་དོན་དེ་དག་ཁྲིམས་དོན་མཚུངས་ོ་ཡིན་ཅེས་གསུངས་འདུག་གོ་