རྒྱ་གར་གྱི་སྲིད་འཛིན་གཞོན་པ་མོ་ ཧོ་མཌ་ཧ་མིཌ་ཨན་ས་རི་(Mohammad Hamid Ansari)མཆོག་ཕྱི་ཟླ་༤པའི་ཚེས་༢༤ ནས་ཨར་མ་ནི་ཡ་(Armenia) དང་པོ་ལེཊ་(Poland)ཏུ་ཉིན་༥ གཟིགས་སྐོར་དུ་ཕེབས་རྒྱུ་ཡན་པ།


དེ་ཡང་རྒྱ་གར་གྱི་སྲིད་འཛིན་གཞོན་པ་མོ་ཧོ་མཌ་ཧ་མིཌ་ཨན་ས་རི་(Mohammad Hamid Ansari)མཆོག་རེས་གཟའ་ཟླ་བ་ཕྱི་ཟླ་༤པའི་ཚེས་༢༤ ནས་ཨར་མ་ནི་ཡ་(Armenia) དང་པོ་ལེཊ་(Poland)ཏུ་ཉིན་༥ གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་འདུག་
རེས་གཟའ་ཕུར་བུར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསར་འགོད་པ་རྣམས་ལ་སྲིད་འཛིན་གཞོན་པཔའི་དྲུང་ཆེ་པི་རི་ཏི་ས་རན་(Preeti Saran )གྱིས་ད་ལན་གྱི་སྲིད་འཛིན་གཞོན་པའི་རྒྱལ་ཁབ་དེ་གཉིས་སུ་མཇལ་འཕྲད་ནི་རྒྱ་གར་རྒྱལ་རབས་ཀྱི་ལོ་རྒྱུད་ནང་ཐེངས་དང་པོ་ཆགས་ཡོད་ཅེས་གསུངས་འདུག་ དེ་བཞིན་ཁོ་མོས་ད་ལན་གྱི་སྲིད་འཛིན་གཞོན་པའི་རྒྱལ་ཁབ་དེ་གཉིས་སུ་མཇལ་འཕྲད་ནི་རྒྱ་གར་དང་ཨར་མ་ནི་ཡ་(Armenia) དང་པོ་ལེཊ་(Poland)བར་གྱི་འབྲེལ་བ་བཟང་དུ་གཏང་རྒྱུ་དང་ངོས་གཉིས་བར་གྱི་ཐུན་མོང་གི་བརྗོད་བྱ་ཐོག་གླེང་མོལ་གནང་རྒྱུ་དེ་ཡིན་ཅེས་ར་སྤྲོད་གནང་འདུག་གོ་