སིགཾ་ལའི་སྲིད་བློན་མཆོག་རྒྱ་གར་ལ་འདི་ཟླ་བའི་ཕྱི་ཚེས་༢༥ ནས་༢༩ བར་ཕེབས་རྒྱུ་ཡིན་པ།

སིགཾ་ལའི་སྲིད་བློན་ར་ནིལ་ཝིག་རེ་མེ་སིགཾེ་(Ranil Wickremesinghe) མཆོག་རྒྱ་གར་ལ་འདི་ཟླ་བའི་ཕྱི་ཚེས་༢༥ ནས་༢༩ བར་ཕེབས་རྒྱུ་ཡིན་པ་དང་སྲིད་བློན་མོ་དི་མཆོག་གིས་ཚེས་༢༦ ལ་ཁོང་གི་ལྷན་གུང་ཚིགས་ཐོག་གྲོས་མོལ་གནང་རྒྱུ་རེད་འདུག་   ཕྱི་སྲིད་བློན་ཆེན་དང་ནང་སྲིད་བློན་ཆེན་དང་སྐྱེལ་འདྲེན་དང་རྒྱ་ལམ་མཚོ་ཐོག་སྐྱེལ་འདྲེན་དང་འབྲེལ་ཡོད་བློན་ཆེན་མཆོག་རྣམས་ཀྱི་ལྷན་ཡང་མཇལ་འཕྲད་གནང་རྒྱུ་ཡིན།