ཨ་རིའི་སྲིད་འཛིན་གཞོན་པ་མེག་པེན་སི་ཡིས་ཨིན་ཌོ་ནེ་ཤི་ཡ་ཡི་མཉམ་དུ་དམག་སྲུང་གི་འབྲེལ་བ་དམ་ཟབ་བྱེད་རྒྱུའི་ཁས་ལེན་དམ་བཅའ་གནང་འདུག།  

 

ལྷོ་ཀོ་རི་ཡ་དང་ཉེ་འོང་གྱི་གཟིགས་སྐོར་རྗེས་ལ་དེ་རིང་ཇ་ཀར་ཊ་(Jakarta) ལ་ཨ་རིའི་སྲིད་འཛིན་གཞོན་པ་མེག་པེན་སི་(Mike Pence) ཡིས་ཨིན་ཌོ་ནེ་ཤི་ཡ་(Indonesia) ཡི་མཉམ་དུ་ལྷོ་རྒྱ་ནག་གི་རྒྱ་མཚོའི་(South China Sea) ནང་མཚོ་འགྲུལ་གྱི་རང་དབང་ཡོང་ཆེད་དང་དྲག་སྤྱོད་རིང་ལུགས་ལ་ལྡོག་ཐཙས་ཆེད་དམག་སྲུང་གི་འབྲེལ་བ་དམ་ཟབ་བྱེད་རྒྱུའི་ཁས་ལེན་དམ་བཅའ་གནང་འདུག་