ཨེ་མེ་ཌ་བད་དུ་རྒྱལ་སྤྱི་ཡོ་ག་ཉིན་མོའི་མཛད་སྒོ་ད་བར་གྱི་ཆེ་ཤོས་ཕྱི་ཟླ་༦ ཚེས་ ༢༡ ལ་ཚོགས་རྒྱུ་ཡིན་པ།

ཁས་ས་ཡོ་གའི་སློབ་དཔོན་བ་བ་རམ་དེ་ཝ་(Baba Ramdev) མཆོག་གིས་ཨེ་མེ་ཌ་བད་དུ་རྒྱལ་སྤྱི་ཡོ་ག་ཉིན་མོའི་མཛད་སྒོ་ད་བར་གྱི་ཆེ་ཤོས་དེ་ཕྱི་ཟླ་༦ ཚེས་ ༢༡ལ་ཚོགས་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག་པ་དང་མི་འབུམ་༥ ལྷག་ཙམ་གྱིས་མཛད་སྒོ་དེའི་ནང་འཛུལ་བཞུགས་བྱེད་རྒྱུ་ཡིན་སྐོར་ཡང་གསུངས་གནང་འདུག།