བར་ཛིལ་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཛི་ཀ་ཡི་ཛ་དྲག་གནས་སྟངས་ལ་མཇུག་བསྡུ་རྒྱུའི་བཀའ་ཁྱབ་བཏང་གནང་བ།

བར་ཛིལ་(Brazil) རྒྱལ་ཁབ་ཀྱིས་རྒྱལ་ཡོངས་སུ་ཛི་ཀ་ཡི་ནད་འབུ་(Zika virus) ཡི་རྐྱེན་པས་ཛ་དྲག་གནས་སྟངས་ལ་མཇུག་བསྡུ་རྒྱུའི་བཀའ་ཁྱབ་བཏང་གནང་འདུག་   ནད་འབུ་དེ་ནི་རྒྱལ་ཁབ་ཀྱི་ནང་དུ་༢༠༡༥ ལོ་འཇུག་གི་སྐབས་ངོས་བཟུང་བྱུང་བ་དང་དེའི་རྗེས་སུ་རྒྱལ་སྤྱི་ལ་གནད་དོན་དེའི་ཐོག་ཁྱབ་བསྒྲགས་བྱུང་འདུག

བར་ཛིལ་འཕྲོད་བསྟེན་བློན་ཆེན་མཆོག་གིས་རྒྱལ་ཡོངས་ནང་དུ་ཛི་ཀ་ནད་འབུའི་འབྲེལ་ཡོད་ཀྱི་གནད་དོན་ཉུང་དུ་འགྲོ་ཡོད་པའི་སྐོར་གསུངས་གནང་མཛད་འདུག།