རྒྱ་གར་གྱི་སྒྱུ་རྩལ་པས་སིགཾ་ལ་རུ་སངས་རྒྱས་ཀྱི་བྱེ་མེའི་སྐུ་འདྲ་ཞིག་བཟོས་གནང་བ།

རྒྱལ་སྤྱིར་སྙན་གྲགས་ཡོད་པའི་རྒྱ་གར་གྱི་སྒྱུ་རྩལ་པ་སུ་ཌར་ཤན་པ་ཊ་ན་ཡེག་(Sudarsan Pattnaik) གིས་སིགཾ་ལ་རུ་སངས་རྒྱས་ཀྱི་གན་རྐྱལ་དུ་ཉལ་བའི་བྱེ་མེའི་སྐུ་འདྲ་རིང་ཤོས་དེ་བཟོས་གནང་འདུག་   སྐུ་འདྲ་དེ་ནི་ཕུ་ཊུ་༤༠ རིང་འཐུང་ཡིན་པ་དང་རེས་གཟའ་ལྷག་པ་རུ་གྲོས་ཚོགས་རྭ་བའི་ཉེ་འགྲམ་གྱི་ཌི་ཡ་ཝནྣ་ཝེ་སག་ས་འཁུལ་དུ་བཟོས་གནང་འདུག།