ལྷོ་ནུབ་ཆར་རླུང་གིས་ནི་ཀོ་བར་མཚོ་གླིང་རྣམས་དང་ལྷོ་ཨན་ཌ་མན་རྒྱ་མཚོ་ཆ་ཚང་གི་སྟེང་དུ་ཁྱབ་པ།

ལྷོ་ནུབ་ཆར་རླུང་(Southwest Monsoon) གིས་ནི་ཀོ་བར་མཚོ་གླིང་(Nicobar Islands) རྣམས་དང་ལྷོ་ཨན་ཌ་མན་རྒྱ་མཚོ་(south Andaman Sea) ཆ་ཚང་གི་སྟེང་དུ་ཁྱབ་ཡོད་པ་དང་ཆར་རླུང་དེ་ནི་ནམ་རྒྱུན་ལས་ཉིན་༣ གྱི་སྔོན་དུ་འབྱོར་འདུག

རྒྱ་གར་གནམ་གཤིས་ཚོད་དཔག་སྡེ་ཚན་(India Meterological Department) གྱི་དབུ་འཛིན་ཇེ་ནི་རལ་ཀེ་ཇི་ར་མེ་ཤ་(General K G Ramesh) མཆོག་གིས་ཀེ་ར་ལ་(Kerala) མངའ་སྡེ་རུ་ཆར་རླུང་དེ་ནམ་རྒྱུན་ལས་སྔོན་དུ་འབྱོར་རྒྱུའི་ཚོད་དཔག་བྱེད་རྒྱུའི་ཆེད་དུ་སྔ་དྲག་ཡོད་སྐོར་གསུངས་གནང་འདུག།