རྒྱ་གར་གྱི་གནམ་གཤིས་ཚོད་དཔག་ལྷན་ཁང་གིས་ཨོ་ཌི་ཤ་རུ་དྲོད་ཀྱི་ཚ་རླབས་ཆེ་བའི་ཚ་ལུམ་མདོག་གི་ཉེན་བརྡ་བཏང་བ།

རྒྱ་གར་གྱི་གནམ་གཤིས་ཚོད་དཔག་ལྷན་ཁང་(Indian Metrological Department) གིས་ཨོ་ཌི་ཤ་(Odisha) རུ་ཉིན་ཁ་ཤས་ཀྱི་རིང་དྲོད་ཀྱི་ཚ་རླབས་ཆེ་བའི་ཚ་ལུམ་མདོག་གི་ཉེན་བརྡ་བཏང་འདུག

ཁས་ས་ཨོ་ཌི་ཤའི་མངའ་སྡེ་ནང་གི་གྲོང་སྡེ་༥ ལ་ཚ་དྲོད་ཌིག་རི་༤༥ བརྒལ་བ་དང་ས་འཁུལ་གཞན་༡༦ གི་ནང་དུ་ཚ་དྲོད་ཌིག་རི་༤༠ བརྒལ་ཡོད་པ་དང་བུ་བ་ནེས་ཝར་(Bhubaneswar) གྱི་གནམ་གཤིས་ཚོད་དཔག་ལྷན་ཁང་གིས་ད་དུང་ཉུང་མཐའ་ལ་བདུན་ཕྲག་གཅིག་གི་རིང་ཚ་དྲོད་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་གསུངས་གནང་འདུག།