གཞུང་གིས་དངུལ་ནག་པོ་རྣམས་ངོས་བཟུང་གི་ཆེད་དུ་’དངུལ་གཙང་མའི་ལས་འགུལ་’ གྱི་དྲ་རྒྱ་འགོ་འཛུགས་གནང་བ།

ཁས་ས་རེས་གཟའ་མིག་དམར་རྒྱལ་ས་དཱི་ལིར་དངུལ་རྩིས་བློན་ཆེན་ཨ་རུན་ཇེ་ཊ་ལི་མཆོག་གིས་དངུལ་ནག་པོ་རྣམས་ངོས་བཟུང་གི་ཆེད་དུ་འབབ་ཁྲལ་ལྷན་ཁང་གི་’དངུལ་གཙང་མའི་ལས་འགུལ་’ གྱི་དྲ་རྒྱ་འགོ་འཛུགས་གནང་བ་དང་ཁྲལ་གཡོ་མཁན་རྣམས་ཀྱི་ངོས་བཟུང་བྱེད་རྒྱུ་ལས་སླ་པོ་ཆག་ཡོད་པ་དང་ཁྲལ་གཡོ་མཁན་རྣམས་ད་ནས་བཟུང་འཇིག་ཉེན་མེད་པ་གནས་མ་ཐུབ་པའི་སྐོར་གསུངས་འདུག

ཁོང་གིས་རྒྱ་སྒོར་༥༠༠ དང་༡༠༠༠ མེད་པ་བཟོ་བའི་རྗེས་(post- demonetisation) སུ་གཞུང་ལ་འབབ་ཁྲལ་འཕུལ་མཁན་གྱི་མིའི་གྲངས་ཚད་མང་དུ་འགྲོ་ཡོད་པ་ཁྲལ་ཡང་མང་དུ་འགྲོ་ཡོད་སྐོར་ཡང་གསུངས་གནང་ཡོད་པ་རེད།