རྒྱ་གར་ཚོང་ལས་ཡར་ཐོན་གསར་པའི་ཆེས་མཐོའི་ལྷན་ཚོགས་ཌུ་བཻ་རུ་ཚོགས་རྒྱུ་ཡིན་པ།

རྒྱ་གར་ཚོང་ལས་ཡར་ཐོན་གསར་པའི་ཆེས་མཐོའི་ལྷན་ཚོགས་ཌུ་བཻ་(Dubai) རུ་འདི་ཟླའི་ཕྱི་ཚེས་༢༣ དང་༢༤ ལ་ཚོགས་རྒྱུ་ཡིན་པ་རེད

ཚོང་ལས་ཡར་ཐོན་གསར་པའི་ཆེས་མཐོའི་ལྷན་ཚོགས་དེ་འདྲ་ཌུ་བཻ་རུ་ཚོགས་པ་ཐེངས་དང་པོ་ཡིན་པ་དང་ཚོགས་ཆེན་དེའི་དམིགས་ཡུལ་ནི་རྒྱ་གར་དང་ཨ་རབ་(UAE) རྒྱལ་ཁབ་གཉིས་ཀྱི་ཚོང་ལས་ཡར་ཐོན་གསར་པའི་མཉམ་འབྲེལ་ལས་ཀ་དང་དེའི་བྱེད་ཕྱོགས་དང་གཞན་བྱ་ཤག་དུ་མའི་ཐོག་མཐུན་མོང་གི་ལྡིངས་ཆ་ཞིག་བསྐྲུན་རྒྱུ་ཡིན་པ་རེད།