རྒྱལ་སྤྱིའི་ཁྲིམས་ཁང་གིས་རྒྱ་གར་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ།

མ་ཟིན། ཌག་ཊར་ཨ་ཤོག་བེ་ཧུ་རྱ། ལྷོ་ཨེ་ཤི་ཡ་བསྟི་གནས་ཀྱི་འབྲེལ་མཐུད་པ། IDSA

རྒྱ་གར་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པ་དེའི་ཐོག་ནས་རྒྱལ་སྤྱིའི་ཁྲིམས་ཁང་གིས་པ་ཀི་སི་ཏན་ལ་བཀའ་ཁྱབ་བཏང་བའི་ནང་ཁྲིམས་ཁང་གིས་གནད་དོན་དེའི་ཐོག་མཐའ་མའི་ཐག་གཅོད་མ་བྱེད་བར་ཀུལ་བུ་ཤན་ཇཱ་དེཝ་ལ་སྲོག་ཁྲིམས་གཅོད་རྒྱུ་མཚམས་འཇོག་བྱེད་དགོས་པའི་བརྡ་བཏང་ཡོད། བཀའ་ཁྱབ་དེ་ལ་སྤྱི་ཡོངས་ཀྱིས་ཁས་ལེན་བྱས་ཡོད་ལ་བཀའ་ཁྱབ་དེ་ལག་བསྟར་ཇི་ལྟར་བྱེད་ལུགས་རྒྱལ་སྤྱིའི་ཁྲིམས་ཁང་ལ་སྙན་གསན་ཞུ་དགོས་ཞེས་གསུངས་འདུག རྒྱ་གར་གྱིས་འདི་ལོ་ ཟླ་ ༤ ཚེས་ ༡༠ ཉིན་པ་ཀི་སི་ཏན་དམག་དོན་ཁྲིམས་ཁང་ཞིག་གིས་སྲོག་ཐོག་ཁྲིམས་ཐག་བཅད་པའི་ཇཱ་དེཝ་ལ་བཀག་ཉར་དང་ཁྲིམས་གཤེར་བྱས་པའི་ཁ་གཏད་ཆེད་བདུན་ཕྲག་སྔ་མའི་ནང་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུགས་ལས་རིམ་བསྒྲིགས་པ་རེད།

རྒྱ་གར་གྱིས་པ་ཀི་སི་ཏན་ལ་ངོ་ཚ་དང་གུས་བཀུར་མེད་པ་མ་ཟད་ཆེས་མཐོའི་སྐུ་ཚབ་ཀྱི་འབྲེལ་བའི་ཝེ་ན་གྲོས་མཐུན་ལ་རྡོག་རོལ་བཏང་བའི་སྐྱོན་འཛུགས་བྱས་ཅིང་། གྲོས་མཐུན་ལྟར་ན་པ་ཀི་སི་ཏན་གྱིས་ཇཱ་དེཝ་བཀག་ཉར་བྱས་པའི་སྐོར་གཞུང་འབྲེལ་ཐོག་རྒྱ་གར་ལ་བཤད་དགོས་པ་དང་། ཆེས་མཐོའི་སྐུ་ཚབ་བརྒྱུད་ཇཱ་དེཝ་ལ་འབྲེལ་བ་བྱེད་ཆུག་དགོས་པ་ཙམ་མ་ཟད་གྲོས་མཐུན་དུ་ནང་ཆེས་མཐོའི་སྐུ་ཚབ་དང་འབྲེལ་བ་བྱེད་པའི་ཐོབ་ཐང་སྤྲད་ཡོད་ཚུལ་བཤད་དགོས་ཀྱི་ཡོད་པ་རེད། དོན་དངོས་ཐོག་ཇཱ་དེཝ་འཛིན་བཟུང་བྱས་པའི་སྐོར་པ་ཀི་སི་ཏན་གྱི་གསར་འགྱུར་བརྒྱུད་ལམ་དུ་ཐོན་པའི་རྗེས་ཀྱི་ཉིན་ ༢༢ ལ་མ་གཏོགས་རྒྱ་གར་ལ་ལན་སྤྲད་མེད་པ་རེད། དེ་མུར་ཆེས་མཐོའི་སྐུ་ཚབ་བརྒྱུད་འབྲེལ་བ་ཡོང་ཐབས་བྱས། མཐར་ཐུག་རྒྱལ་སྤྱིའི་ཁྲིམས་ཁང་ལ་མ་གཏུགས་བར་ཆེས་མཐོའི་སྐུ་ཚབ་བརྒྱུད་ནས་འབྲེལ་བ་ཡོང་ཐབས་ཐེངས་ ༡༣ བྱས་ཀྱང་འབྲས་བུ་མ་ཐོན་པ་རེད།

ལས་རིམ་བསྒྲིག་བཞིན་པ་དང་ཆབས་གཅིག་རྒྱ་གར་གྱིས་ཇཱ་དེཝ་ལ་སྲོག་ཁྲིམས་གཅད་ཚེ་རྒྱ་གར་གྱིས་བཤད་པའི་ཐོབ་ཐང་དེ་དག་ལ་བཅོས་ཐབས་མེད་པའི་རྨ་ཁ་ཞིག་བཟོ་ངེས་རེད་ཅེས་བརྗོད་དེ་གནས་སྐབས་ཀྱི་ཐབས་ལམ་ཞིག་བཙལ་དགོས་པའི་རེ་བ་བཏོན་པ་རེད། པ་ཀི་སི་ཏན་གྱིས་རྒྱ་གར་ལ་འགན་འཁུར་དགོས་པ་ཞིག་བརྩི་མེད་བཏང་ཏེ་རྒྱ་གར་གྱི་མི་སེར་ཞིག་སྲོག་ཐག་གཏང་རྒྱུ་ཡིན་པའི་གནོན་ཤུགས་དང་རྫ་དྲག་ཧ་ཅང་ཆེ་བར་བརྟེན་ཁྲིམས་ཁང་ངོས་ནས་ངག་ཐོག་གི་ཁྲིམས་རར་སྒུག་མ་བསྡད་པར་ཁྲིམས་ཁང་གི་རྩ་ཁྲིམས་ཨང་ ༤༡ པའོ་དགོངས་དོན་ལྟར་གནས་སྐབས་ཀྱི་ཐབས་ལམ་ཡིན་པའི་བཀའ་ཁྱབ་ཞིག་གཏང་དགོས་པའི་རེ་བསྐུལ་ཞུས་ཡོད། རྒྱ་གར་དབང་ཤུགས་ཆེན་པོའི་ངང་པ་ཀི་སི་ཏན་གྱིས་ཝེ་ན་གྲོས་མཐུན་ལ་བརྩི་མེད་བཏང་བ་དེས་རྒྱ་གར་ལ་གྲོས་མཐུན་ནང་འཁོད་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་མ་བྱུང་བ་དང་། གྲོས་མཐུན་ལྟར་ཇཱ་དེཝ་ལ་སྲུང་སྐྱོབ་མ་ཐོབ་པ། རྒྱལ་སྤྱིའི་ཁིམས་ཁང་ངོས་ནས་གནས་སྐབས་ཐབས་ལམ་གྱི་ཐོག་ནས་པ་ཀི་སི་ཏན་ལ་ཁྲིམས་ཁང་ངོས་ནས་མཐའ་མའི་ཐག་གཅོད་མ་བྱེད་བར་ཇཱ་དེཝ་ལ་སྲོག་ཁྲིམས་གཅད་མི་ཆོག་པའི་བཀའ་མ་བཏང་བར་ཇཱ་དེཝ་ལ་སྼོག་ཁྲིམས་གཅོད་སྲིད་པའི་ཞེད་སྣང་ཡོད་ཚུལ་བཤད་ཡོད།

ཁྲིམས་ཁང་གི་སྤྱི་མོས་བཀའ་ཁྱབ་ནང་གནས་ཚུལ་དེར་རྟོགས་ཞིབ་བྱས་པ་ལས་རྒྱ་གར་གྱིས་རེ་བ་ཞུས་པའི་གནས་སྐབས་ཐབས་ལམ་དེ་ལ་བརྩི་འཇོག་དང་བསྒྲགས་རྒྱ་གར་གྱིས་བཤད་པ་ལྟར་གནད་དོན་དེས་བཅོས་ཐབས་མེད་པའི་རྨ་ཁ་ཞིག་བཟོ་ཉན་དང་རྫ་དྲག་གི་གནས་སྟངས་ཤིག་འདུག གང་ལགས་ཞེ་ན་ཇཱ་དེཝ་ལ་སྲོག་ཐོག་ཁྲིམས་ཐག་བཅད་ཟིན་པ་དང་དུས་ཚོད་ངེས་མེད་ལ་སྲོག་ཐོག་གཏང་སྲིད་པ་ཞིག་ཆགས་ཡོད།

གནས་སྐབས་ཀྱི་ཐག་གཅོད་དེ་རྒྱལ་སྤྱིའི་ཁྲིམས་ཁང་གི་ཚོགས་གཙོ་རོ་ནི་ཨབ་ར་ཧམ་ (Ronny Abraham) གྱིས་སྒྲོག་སྦྱངས་གནང་བ་དང་པ་ཀི་སི་ཏན་གྱིས་ཇཱ་དེཝ་ཁྲིམས་ཐག་བཅད་ནས་ཉིན་མ་ ༡༥༠ རིང་སྲོག་ཐོག་གཏང་གི་མ་རེད་ཅེས་བཤད་པའི་སྐད་ཆ་དེའི་གོ་དོན་ལ་འགན་འཁྱེར་བའི་ཐོག ད་ལྟ་རྫ་དྲག་གི་གནས་སྟངས་ཞིག་ཡོད་པ་ནི་པ་ཀི་སི་ཏན་གྱིས་རྒྱལ་སྤྱིའི་ཁྲིམས་ཁང་ནས་མཐའ་མའི་ཐག་གཅོད་མ་བྱེད་པའི་སྔོན་ཇཱ་དེཝ་སྲོག་ཁྲིམས་གཅོད་རྒྱུ་མིན་པའི་ཁས་ལེན་བྱས་མེད་པ་རེད།

རྒྱ་གར་གྱིས་སྐྱོན་འཛུགས་བྱས་པ་དེར་ཁྲིམས་ཁང་གིས་རྒྱུ་མཚན་ལྡན་པ་ཞིག་ཏུ་རྩིས་ཤིང་པ་ཀི་སི་ཏན་གྱིས་ཝེ་ན་གྲོས་མཐུན་གྱི་དོན་ཚན་ ༣༦ ༼༡༽ ལ་བརྩི་མེད་བཏང་བ་དང་རྒྱ་གར་ལ་ཆེས་མཐོའི་སྐུ་ཚབ་ཀྱི་འགན་ཁྲི་ཡོད་པའི་ལས་དོན་བསྒྲུབ་མ་ཆུག་པ་རེད། དེར་བརྟེན་ཁྲིམས་ཁང་གི་ལྟ་ཚུལ་བྱས་ན་རྒྱ་གར་གྱིས་ཡོད་ཚུལ་བཤད་པའི་ཐོབ་ཐང་དང་ཐོབ་ཐང་དེ་དག་སྲུང་སྐྱོབ་ཆེད་གནས་སྐབས་ཐབས་ལམ་རེ་བསྐུལ་ཞུས་པ་དེ་དག་དབར་འབྲེལ་བ་ཡོད་ཞིག་མཐོང་ཡོད།

པ་ཀི་སི་ཏན་དམག་གིས་རྒྱ་གར་ལ་སྨྱོ་འཁྲུལ་ཆེན་པོ་བྱེད་པ་དང་ཉེ་ཆར་ཡུལ་སྐད་བརྒྱུད་ལམ་ཞིག་གི་ཐོག་རྒྱ་གར་དེ་སྙིང་རྗེ་བྱེད་མི་རུང་བའི་དགྲ་བོ་ཡིན་ཞེས་བཤད་པ་ལ་ལྟས་ཚེ། པ་ཀི་སི་ཏན་གྱིས་གཏན་འཁེལ་བྱས་པའི་ཉིན་མ་ ༤༠ ༼ ཟླ་ ༥ ཚེས་ ༡༩ ལ་རྫོགས༽ ནང་ཇཱ་དེཝ་ཡི་ཁྲིམས་ཆས་བསྐྱར་བཅོས་ཀྱི་རེ་བསྐུལ་ཞུས་པར་མཐུན་འགྱུར་བྱེད་པའི་རེ་བ་ཡང་མེད་ལ་ཇཱ་དེཝ་ཡི་ཐད་ལ་པ་ཀི་སི་ཏན་གྱི་ལངས་ཕྱོགས་དྲང་བདེན་ཞིག་བཟུང་རྒྱུར་ཡང་རེ་བ་མེད། ཨི་སི་ལམ་བྷཏ་ཡིས་བཀའ་ཁྱབ་ལ་བརྩི་མེད་གཏང་སྲིད་ལ་མུ་མཐུད་ཁོ་ཚོའི་ཁྲིམས་ཀྱི་འགྲོ་ལུགས་ལག་བསྟར་བྱེད་དེ་ཀུལ་བུ་ཤན་ལ་ཁོ་ཚོའི་ལམ་ལུགས་ཀྱི་ཐོག་ནས་དྲང་བདེན་ཞིག་སྤྱད་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ལ་མིག་དཔེ་ངན་པ་ཞིག་མུ་མཐུད་བསྟན་རྒྱུ་ཡིན་པ་རེད།

ཇི་ལྟར་ཀྱང་། པ་ཀི་སི་ཏན་གྱི་མི་ཆེས་ཉུང་ཤས་ཞིག་གིས་རྒྱལ་སྤྱིའི་ཁྲིམས་ཁང་གི་བཀའ་ཁྱབ་ལ་དང་ལེན་བྱེད་དེ་གནད་དོན་དེ་ CIJ  ཡིལག་པར་མ་སླེབས་བར་ཇཱ་དེཝ་ཡི་སྲོག་ཁྲིམས་མཚམས་འཇོག་བྱས་ཏེ་ཁོང་གི་ནང་མི་དང་སེམས་ཁུར་བྱེད་མཁན་རྣམས་ལ་དབུགས་གཏོང་བའི་དུས་ཚོད་ཞིག་སྤྲད་པའི་རེ་བ་བྱེད་ཀྱི་ཡོད།