སི་ཝི་ཌན་གྱིས་རྒྱ་གར་ནང་དུ་’རྒྱལ་ས་སྤྱང་པོ’ འཛུགས་བསྐྲུན་བྱེད་ཆེད་དུ་འདོད་པ་ཡོད་པའི་རྟགས་མཚན་སྟོན་པ།

སི་ཝི་ཌན་(Sweden) གྱིས་རྒྱ་གར་ནང་དུ་’རྒྱལ་ས་སྤྱང་པོ’ འཛུགས་བསྐྲུན་བྱེད་ཆེད་དུ་འདོད་པ་ཡོད་པའི་རྟགས་མཚན་སྟོན་འདུག་   སི་ཝི་ཌན་གྱིས་རྒྱལ་ས་སྤྱང་པོ་བཟོས་ཆེད་དུ་རང་རེའི་འཁོར་ཡུག་སྲུང་སྐྱོབ་དང་སླར་གསོའི་མཁས་རྩལ་དང་འཕྲུལ་རིག་གི་ལག་ལེན་བྱེད་རྒྱུའི་མཐུན་མོང་བའི་འཆར་གཞི་ཞིག་བསམ་ཚུལ་བརྗོད་འདུག

དེ་མ་ཟད་ཁས་ས་རྒྱལ་ས་དཱི་ལིར་རེས་གཟའ་ཕུར་བུ་རུ་སི་ཝི་ཌན་གྱི་ཡུ་རུབ་སྤྱི་མཐུན་ཚོགས་པའི་ལས་དོན་དང་ཚོང་འབྲེལ་གྱི་བློན་ཆེན་ཨན་ལིན་ཌི་(Ann Linde)མཆོག་དང་རྒྱ་གར་གྱི་གྲོང་སྡེ་ཡར་རྒྱས་ལས་དོན་བློན་ཆེན་ཝེན་ཀ་ཡ་ནཻ་ཌུ་(Venkaiah Naidu) མཆོག་རྣམས་གཉིས་མཇལ་འཕྲད་གནང་འདུག་པ་དང་རྒྱལ་ས་སྤྱང་པོའི་འཛུགས་བསྐྲུན་གྱི་ཐོག་མཉམ་འབྲེལ་གྱི་ལས་དོན་རྣམས་གྲོས་མོལ་གནང་ཡོད་པ་རེད།