སྲིད་བློན་མོ་དི་མཆོག་གིས་ཕྱི་ཟླ་༥ ཚེས་༢༣ དུ་ཨ་ཕ་རི་ཀའི་ཡར་རྒྱས་དངུལ་ཁང་གི་ལོ་འཁོར་ཚོགས་འདུ་འགོ་འཛུགས་གནང་རྒྱུ་ཡིན་པ།

སྲིད་བློན་ན་རེན་ཌར་མོ་དི་མཆོག་གིས་འདི་ཟླའི་ཚེས་༢༣ དུ་ཨ་ཕ་རི་ཀའི་ཡར་རྒྱས་དངུལ་ཁང་(African Development Bank) གི་ལོ་འཁོར་ཚོགས་འདུ་འགོ་འཛུགས་གནང་རྒྱུ་ཡིན

དེ་མ་ཟད་རྒྱལ་ས་དཱི་ལིར་གསར་འགོད་པ་རུ་དཔལ་འབྱོར་ལས་དོན་གྱི་དྲུང་ཆེ་ཤག་ཏི་ཀན་ཊ་ཌས་(Shaktikanta Das) མཆོག་གིས་ཨ་ཕ་རི་ཀའི་ཡར་རྒྱས་དངུལ་ཁང་གི་ལོ་རེའི་ཚོགས་འདུ་དེ་འདྲ་རྒྱ་གར་ལ་ཚོགས་པ་ཐེངས་དང་པོ་ཡིན་སྐོར་གསུངས་གནང་འདུག
ཁོང་གིས་ཚོགས་ཆེན་དེ་ནི་འདི་ཟླའི་ཚེས་༢༢ ནས་༢༦ བར་གུ་ཇུ་ར་ཏ་(Gujarat) མངའ་སྡེ་རུ་ཚོགས་རྒྱུ་ཡིན་པ་དང་རྒྱལ་སྤྱིའི་ལུང་པ་ཁག་༨༡ གི་སྐུ་ཚབ་༣༠༠༠ལྷག་ཙམ་བཅར་རྒྱུ་ཡིན་སྐོར་ཡང་གསུངས་འདུག།