སྲིད་བློན་མོ་དི་མཆོག་གིས་འདི་ཟླའི་ཕྱི་ཚེས་༢༦ ལ་ཨ་སམ་གྱི་ཌོ་ལ་ས་ཌི་ཡ་ཟམ་པ་རྒྱལ་ཡོངས་སུ་བསྔོ་བ་གནང་རྒྱུ་ཡིན་པ།

སྲིད་བློན་ན་རེན་ཌར་མོ་དི་མཆོག་གིས་འདི་ཟླའི་ཕྱི་ཚེས་༢༦ ལ་ཨ་སམ་(Assam) མངའ་སྡེའི་ཌོ་ལ་ས་ཌི་ཡ་(Dhola- Sadia) ཟམ་པ་རྒྱལ་ཡོངས་སུ་བསྔོ་བ་གནང་རྒྱུ་ཡིན་པ་དང་ཨ་སམ་མངའ་སྡེའི་མང་ཚོགས་ལས་ཀའི་སྡེ་ཚན་(PWD) གྱི་བློན་ཆེན་པ་རི་མལ་སུག་ལ་བཻཌ་ཡ་(Parimal Sukla Baidya) མཆོག་གིས་ཟམ་པ་དེ་ནི་ཀི་ལོ་མི་ཊར་༩་༡༦ ཡིན་པ་དང་རྒྱལ་ཡོངས་ཀྱི་ཟམ་པ་རིང་ཤོས་དེ་ཡིན་པའི་སྐོར་གསུངས་གནང་འདུག།