དབུས་གཞུང་གིས་རྒྱལ་ཡོངས་སུ་སྒོ་ཕྱུགས་སེམས་ཅན་གྱི་སྲོག་གཅོད་ཚོང་འབྲེལ་མེད་པ་བཟོས་རྒྱུའི་བཀའ་དབང་ལ་རྒྱ་གར་ཁྲིམས་ཁང་མཐོ་ཤོས་ཀྱིས་གནས་སྐབས་རིང་མཚམས་འཇོག་བྱེད་ཡོད་པ་རེད་འདུག།

དབུས་གཞུང་གིས་རྒྱལ་ཡོངས་སུ་སྒོ་ཕྱུགས་སེམས་ཅན་གྱི་སྲོག་གཅོད་ཚོང་འབྲེལ་མེད་པ་བཟོས་རྒྱུའི་བཀའ་དབང་ལ་རྒྱ་གར་ཁྲིམས་ཁང་མཐོ་ཤོས་ཀྱིས་ཁས་ས་རེས་གཟའ་མིག་དམར་ལ་མ་ཌ་ར་སི་ཁྲིམས་ཁང་གིས་བཀའ་དབང་དེར་གནས་སྐབས་རིང་མཚམས་འཇོག་བྱེད་ཡོད་པ་ལ་མུ་མཐུད་གནས་རྒྱུའི་བཀའ་གནང་ཡོད་པ་རེད་འདུག།
དེའང་ཉེ་སྔོན་དབུས་གཞུང་གིས་ཕྱོ་ཟླ་༥ པར་སྒོ་ཕྱུགས་སེནས་ཅན་རྣམས་ཀྱི་སྲོག་གཅོད་ཚོང་འབྲེལ་བྱེད་མི་ཆོག་པའི་གསལ་བསྒྲགས་བྱས་ཡོད་པ་རེད་འདུག་པནདང་འཁོར་ཡུག་བློན་ཆེན་གྱིས་ཀྱང་སེམས་ཅན་དུད་འགྲོ་རྣམས་སུ་གདུག་རྩུབ་བྱེད་མི་ཆོག་པའི་ཁྲིམས་ལག་སྟར་བྱས་ཡོད་པ་རེད་འདུག།