ཨ་རུ་ན་ཅལ་མངའ་སྡེའི་ནང་དུ་ས་རུད་རྒྱབ་པས་མི་༡༤ འདས་གྲོངས་སུ་ཕྱིན་པ།

ཁས་ས་ཨ་རུ་ན་ཅལ་མངའ་སྡེའི་ནང་དུ་པ་པུམ་པ་རེ་ས་འཁུལ་གྱི་ལབ་ཊབ་གྲོས་སེབས་སུ་ཆར་པ་ཤུགས་ཆེན་གྱི་རྐྱེན་པས་ས་རུད་དྲག་པོས་མི་༡༤ འདས་གྲོངས་སུ་ཕྱིན་ཡོད་པ་དང་།
རྐྱེན་དབང་དེས་ཁང་ཁྱིམ་༥ སྐྱོན་ཆག་སོང་ཡོད་པ་དང་ནང་མི་བཞིའི་མི་ཚོགས་༡༤ ས་འོག་ཏུ་ཤོར་ཡོད་ཀྱང་ཕུང་པོ་རྣམས་ས་འོག་ནས་ཕྱིར་འདོན་བྱེད་ཐུབ་ཡོད་འདུག།
དེའང་གཞུང་འབྲེལ་གནས་ཚུལ་ལྟར་ན་ས་ག་ལི་གྲོས་སེབ་དང་ལབ་ཊབ་གྲོས་སེབ་དབར་ལ་རྒྱ་ལམ་ལམ་འགག་གིས་སྨན་པའི་རུ་ཁག་རྣམས་དུས་ཐོག་ཏུ་འབྱོར་མེད་པའི་སྐོར་གསུངས་འདུག།
དེའང་རྐྱེན་ངན་དེ་ནི་ས་ག་ལིའི་ས་འཁུལ་གྱི་ནང་དུ་ཆར་པ་དང་འབྲེལ་བའི་རྐྱེན་ངན་གཉིས་པ་དེ་ཡིན་པ་རེད་འདུག།
འདི་ཟླའི་ཕྱི་ཚེས་༤ ལ་རྒྱ་གར་མཁའ་དམག་གི་ཐད་འཕུར་གནམ་གྲུ་ཞིག་བརྡབ་ལྷུང་སོང་བས་གནམ་གྲུའི་མི་བཞི་བོ་རྣམས་འདས་གྲོངས་སུ་སོང་ཡོད་པ་རེད་འདུག།