ཡོངས་རྒྱུའི་ལྟད་མོའི་ཨོ་ལིམ་བིག་དེ་རྒྱ་གར་དུ་ཚོགས་གཏེན་འཁེལ་བ།

ཡོངས་རྒྱུའི་ལྟད་མོའི་ཨོ་ལིམ་བིག་དེ་རྒྱ་གར་དུ་ཚོགས་གཏེན་འཁེལ་བ་དང་ལཏད་མོའི་ཨོ་ལིམ་པིག་དེ་ནི་ལྟད་མོའི་དུས་ཆེན་སྲུང་བརྩི་ཆེ་ཤོས་དེ་ཡིན་པ་རེད་འདུག་   དེའང་ཐེངས་བརྒྱད་པའི་ལྟད་མོའི་ཨོ་ལིམ་བིག་དེ་ནི་རྗེས་ལོ་༢༠༡༨ ཕྱི་ཟླ་༢ ཚེས་༡༧ ནས་ཕྱི་ཟླ་༤ ཚེས་༨ དབར་དུས་ཆེན་དེསྲུང་བརྩི་ཞུ་རྒྱུ་ཡིན་པ་རེད་འདུག།
རིག་གཞུང་བློན་ཆེན་མ་འེ་ཤ་ཤར་མ་མཆོག་གིས་རྒྱལ་ས་དཱི་ལིར་ལྟད་མོའི་ཨོ་ལིམ་པིག་གི་དུས་ཆེན་དེས་རྒྱ་གར་ལ་རྒྱལ་སྤྱི་ལྟད་མོའི་ས་ཁྲ་ནང་དུ་རྒྱལ་ཁབ་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་ནུས་སྐོར་གསུངས་གནང་འདུག།
ལྟད་མོའི་ཨོ་ལིམ་པིག་དེ་ནི་ཕྱི་ལོ་༡༩༩༣ ནས་འགོ་འཛུགས་བྱས་པའི་དུས་ཆེན་ཞིག་ཡིན་པ་རེད་འདུག།