རྒྱ་གར་གྱིས་མ་ལེ་རི་ཡའི་ན་ཚ་རྩ་མེད་བཟོ་རྒྱུའི་ལོ་༣ གྱི་སྔ་སྨྱུར་བྱས་པས་༢༠༢༧ མ་ལེ་རི་ཡ་རྩམེད་བཟོ་རྒྱུའི་ལོ་དེར་ཐག་གཅོད་བྱས་པ།

རྒྱ་གར་གྱིས་མ་ལེ་རི་ཡའི་ན་ཚ་རྩ་མེད་བཟོ་རྒྱུའི་ལོ་༣ གྱི་སྔ་སྨྱུར་བྱས་པས་༢༠༢༧ མ་ལེ་རི་ཡ་རྩམེད་བཟོ་རྒྱུའི་ལོ་དེར་ཐག་གཅོད་བྱས་པ་དང་དེ་སྔོན་དུ་མ་ལེ་རི་ཡ་རྩ་མེད་བཟོ་རྒྱུའི་ལོ་ནི་༢༠༣༠ ཡིན་འདུག་   དེའང་འཕྲོད་བརྟེན་བློན་ཆེན་ལྷན་ཁང་གིས་རེས་གཟའ་ལྷག་པར་རྒྱལ་ཁབ་ནང་དུ་མ་ལེ་རི་ཡ་ན་ཚ་རྩ་མེད་བཟོ་རྒྱུའི་རྒྱལ་ཡོངས་འཆར་གཞི་འགོ་འཛུགས་བྱས་ཡོད་པ་རེད་འདུག།
ལས་འགུལ་དེ་འགོ་འཛུགས་བྱས་སྐབས་འཕྲོད་བརྟེན་བློན་ཆེན་ན་ཌ་མཆོག་གིས་ལོ་ལྔའི་ལས་འགུལ་དེ་ནི་ས་གནས་ཀྱི་ནང་དུ་གཙོ་བོར་ལག་སྟར་བྱེད་རྒྱུ་ཡིན་པའི་སྐོར་གསུངས་གནང་འདུག།