ཨ་སམ་མངའ་སྡེའི་ནང་དུ་ཆུ་ལོག་དྲག་པོས་རྐྱེན་པས་མི་འབུམ་༡༧ ལ་གནོད་སྐྱོན་བྱུང་བ།

ཨ་སམ་མངའ་སྡེའི་ནང་དུ་ཆུ་ལོག་དྲག་པོས་རྐྱེན་པས་ས་འཁུལ་༢༦ གི་མི་འབུམ་༡༧ དང་སྟོང་ཕྲག་༥༠ ལ་གནོད་སྐྱོན་བྱུང་ཡོད་པ་དང་རྒྱུག་ཆུ་མང་པོ་ཉེན་བརྡའི་ཚད་དང་བརྒལ་ཏེ་རྒྱུག་བཞིན་ཡོད་པའང་རེད་འདུག།

ཁང་ཁྱིམ་ཙམ་མ་བཟད་སེམས་ཅན་གསོ་གནས་ཀྱི་ས་ཆ་རྣམས་ཆུ་ལོགགི་འོག་ཏུ་གནས་བཞིན་ཡོད་པ་རེད་འདུག་   དེའང་ཤིང་ནགས་ལས་དོན་གྱི་བློན་ཆེན་པྲ་མི་ལ་ར་ནི་བྲཱམ་མཆོག་གིས་ཀ་ཛ་རིགཾ་སེམས་ཅན་གསོ་གནས་ཀྱི་ས་ཆར་གནས་༡༣༤ ཆུ་ལོག་གི་འོག་ཏུ་གནས་ཡོད་པའི་སྐོར་གསུངས་གནང་འདུག།