ཁྲིམས་རར་རྩི་མེད་ནག་ཉེས་ཀྱི་གནད་དོན་གསལ་ཐབས་སུ་ཁྲིམས་ཁང་མཐོ་ཤོས་ཀྱིས་ཝི་ཇེ་མལ་ཡ་རང་ཉིད་ངོ་མདུན་དུ་སླེབས་དགོས་སྐོར་གསུངས་གནང་བ།

ཁྲིམས་རར་རྩི་མེད་ནག་ཉེས་ཀྱི་གནད་དོན་གསལ་ཐབས་སུ་ཁྲིམས་ཁང་མཐོ་ཤོས་ཀྱིས་ཝི་ཇེ་མལ་ཡ་རང་ཉིད་ངོ་མདུན་དུ་སླེབས་དགོས་སྐོར་གསུངས་གནང་ཡོད་པ་རེད་འདུག།
ཁྲིམས་ཁང་མཐོ་ཤོས་ཀྱིས་ཁས་ས་རེས་གཟའ་པ་སངས་སུ་ཝི་ཇེ་མལ་ཡ་མཆོག་ལ་ནག་ཉེས་བཙོན་འཇུག་གི་དུས་ཚད་ཐག་གཅོདབྱེད་རྒྱུ་ཡིན་ཡང་གོང་བཤད་རྒྱུ་མཚན་གྱིས་དེ་ལྟར་བྱེད་མི་ཐུབ་པ་རེད་  དེ་མ་བཟད་ཁྲིམས་ཁང་མཐོ་ཤོས་ཀྱིས་དབུས་གཞུང་གིས་མལ་ཡ་མཆོག་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནས་རྒྱ་གར་ལ་རང་འཇག་ཡོང་རྒྱུའི་ཐོག་འབད་བརྩོན་བྱེད་ཀྱི་ཡོད་པའི་གནད་དོན་ཁས་ལེན་བྱེད་ཡོད་འདུག།