གྲོས་ཚོགས་འོག་མའི་ཚོགས་གཙོས་ཆབ་སྲིད་ཚོགས་པ་ཚང་མར་ཆར་དུས་གྲོས་ཚོགས་མ་ཚོགས་པའི་གོང་དུ་ཕྱི་ཟླ་༧ ཚེས་༡༦ ལ་ཚོགས་འདུ་ཚོགས་རྒྱུའི་བཀའ་ཁྱབ་གནང་འདུག་པ།

གྲོས་ཚོགས་འོག་མའི་ཚོགས་གཙོས་ཆབ་སྲིད་ཚོགས་པ་ཚང་མར་ཆར་དུས་གྲོས་ཚོགས་མ་ཚོགས་པའི་གོང་དུ་ཕྱི་ཟླ་༧ ཚེས་༡༦ རེས་གཟའ་ཉི་མ་ལ་ཚོགས་འདུ་ཚོགས་རྒྱུའི་བཀའ་ཁྱབ་གནང་འདུག་པ་རེད་འདུག།
ཚོགས་འདུ་དེའི་སྐབས་སུ་ལྕམས་སྐུ་མ་འ་ཇན་མཆོག་གིས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འགོ་འཁྲིད་རྣམས་སུ་གོ་བསྡུར་ལྷུག་པོ་ཡོང་ཆེད་དུ་མུ་མཐུད་བཞུས་རྒྱུ་ཡིན་པ་རེད་འདུག།
དེའང་ཆར་དུས་གྲོས་ཚོགས་དེ་ནི་རྗེས་མ་བདུན་ཕྲག་གི་རེས་གཟའ་ཟླ་བ་ནས་རྗེས་མའི་ཟླ་བའི་ཕྱི་ཚེས་༡༡ བར་ཚོགས་རྒྱུ་རེད།