གུཇུརཏ་མངའ་སྡེར་ཆར་པ་ཤུགས་ཆེན་གྱིས་མི་༣ འདས་གྲོངས་སུ་ཕྱིན་པ།

གུཇུརཏ་མངའ་སྡེའི་སཽརཤཊྲ་ ས་འཁུལ་དུ་ཆར་པ་ཤུགས་ཆེན་རྒྱབ་ཡོད་པ་དང་མོརབི་དང་རཇཀོཊ་སུརེནཌྲ་ན་གར་དང་བ་ནས་ཀན་ཐ་ས་འཁུལ་རྣམས་སུ་གནོད་སྐྱོན་མང་ཤོས་བྱུང་ཡོད་པ་རེད་འདུག་   དེའང་མི་༣ འདས་གྲོངས་སུ་ཕྱིན་པ་དང་མི་བརྒྱ་ཕྲག་ཁ་ཤས་ཉེན་ཁ་ལས་སྐྱོབ་སྟེ་འཇིག་ཉེན་མེད་པའི་ས་ཆར་གནས་སྤོས་བྱས་འདུག་   རྒྱ་གར་མཁའ་དམག་གི་སྡེ་དང་རྒྱལ་ཡོངས་རྐྱེན་ངན་ཁ་ཡ་ཡི་སྡེའི་རོགས་མི་རྣམས་ཀྱིས་མངའ་སྡེའི་འཛིན་སྐྱོང་ལ་རོགས་བྱེད་དེ་ཉེན་སྐྱོབ་ལས་འགུལ་དུ་མཉམ་བཞུགས་བྱེད་བཞིན་ཡོད།