བི་ཇེ་པི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འབྲེལ་ཡོད་ཀྱི་ཚོགས་འདུ་དེ་རིང་ཚོགས་རྒྱུ་ཡིན་པ་དང་དེར་སྲིད་འཛིན་གཞོན་པའི་འོས་མིའི་མིང་འདོན་བྱེད་སྲིད་སྐོར།

བི་ཇེ་པི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འབྲེལ་ཡོད་ཀྱི་ཚོགས་འདུ་དེ་རིང་རྒྱལ་ས་དཱི་ལིར་ཚོགས་རྒྱུ་ཡིན་པ་དང་དེར་སྲིད་འཛིན་གཞོན་པའི་འོས་མིའི་མིང་འདོན་བྱེད་སྲིད་པ་རེད་འདུག་   དེའང་ཁ་གཏད་ཆབ་སྲིད་ཚོགས་པས་སྲིད་འཛིན་གཞོན་པའི་འོས་མི་མིང་འདོན་དུ་བྱང་བང་གལ་མངའ་སྡེའི་སྤྱི་ཁྱབ་གོ་པལ་ཀྲིཤན་གནདི་ཡི་མཚན་ཐག་གཅོད་བྱེད་ཡོད་པ་རེད་འདུག་   ཡོང་རྒྱུའི་རེས་གཟའ་མིག་དམར་ནི་སྲིད་འཛིན་གཞོན་པའི་འོས་མིང་ཕུལ་རྒྱུའི་ཉིན་མཐའ་མ་དེ་ཡིན་པ་དང་དེར་སྐྱར་ཞིབ་རེས་གཟའ་ལྷག་པར་བྱེད་པ་དང་འོས་མིང་ཕྱིར་འཐེན་བྱེད་རྒྱུའི་ཉིན་མཐའ་མ་འདི་ཟླའི་ཚེས་༢༡ ཡིན་པ་དང་ཕྱི་ཟླ་༨ ཚེས་༥ ལ་སྲིད་འཛིན་གཞོན་པའི་འོས་བསྡུ་བྱེད་རྒྱུ་ཡིན་པ་དང་ཉིན་མོ་དེ་རང་ལ་འོས་བསྡུ་གྲངས་སྡོམ་རྒྱུ་ཡིན་པ་རེད་འདུག།