གུ་ཇུ་རཏ་མངའ་སྡེའི་ནང་དུ་ཆར་པ་དང་ཆུ་ལོག་ཀྱིས་མི་༡༥ ཡི་འདས་གྲོངས་སུ་སོང་བ།

ཉེ་ཆར་ཉིན་གསུམ་ལ་གུ་ཇུ་རཏ་མངའ་སྡེའི་ནང་དུ་ཆར་པ་དང་ཆུ་ལོག་ཀྱིས་ཉུང་མཐར་མི་༡༥ ཡི་འདས་གྲོངས་སུ་སོང་ཡོད་པ་རེད་འདུག་པ་དང་རྒྱལ་ཡོངས་རྐྱེན་ངན་ཁ་ཡ་ཡི་སྡེའི་རོགས་མི་རྣམས་ཀྱིས་ཇམ་ན་གར་ས་འཁུལ་གྱི་ཇོ་ཌི་ཡ་གྲོས་གསེབ་ཏུ་ཆུ་ལོག་ནས་ད་དུང་མི་༢༠ སྐྱོབ་ཐུབ་པས་ད་བར་མི་༤༠༥ མཁྱེན་སྡོམ་སྐྱོབ་ཐུབ་འདུག་   དེ་མ་བཟད་རྒྱལ་ཡོངས་རྐྱེན་ངན་ཁ་ཡ་ཡི་སྡེ་༥ ཛ་དྲག་གི་ཆེད་དུ་གྲ་སྒྲིག་བྱེད་དེ་བཞག་ཡོད་པ་རེད་འདུག།