དེ་རིང་རྒྱ་གར་གྲོས་ཚོགས་དང་མངའ་བསྡེ་ལྷན་ཚོགས་སུ་དུས་མཉམ་དུ་སྲིད་འཛིན་གྱི་འོས་འཕངས་པ།


དེ་རིང་རྒྱ་གར་གྱི་སྲིད་འཛིན་གསར་པའི་འོས་བསྡུ་གནང་རྒྱུ་ཡིན་འདུག་ ད་ལན་གྱི་སྲིད་འཛིན་གྱི་འོས་འདེམས་སུ་དབུས་གཞུང་བཟིན་བཞིན་པའི་ཨེན་དྲི་ཨེ་སྲིད་དོན་ཚོགས་པའི་འོས་མི་རམ་ནཏ་ཀོ་ཝིཏ་དང་ཁ་གཏད་སྲིད་དོན་ཚགས་པའི་འོས་མི་མིར་ཀུ་མར་བར་འགྲན་བསྡུར་གནང་རྒྱུ་ཡིན་འདུག་
འོས་ཀྱི་གྲངས་འབོར་རྣམས་རེས་གཟའ་འཕུར་བུར་བརྩི་རྒྱུ་ཡིན་འདུ་ ད་ལྟ་ཡོད་བཞིན་པའི་རྒྱ་གར་གྱི་སྲིད་འཛིན་པར་ནབ་མུ་ཁར་ཇི་མཆོག་གི་རྒན་འཛིན་དུས་ཡུན་འདི་ཟླ་བའི་ཚེས་༢༤ ཉིན་འཛོགས་རྒྱུ་ཡིན་འདུག་ རྒྱ་གར་གྱི་གྲོས་ཚོགས་ཁང་དང་མངའ་བསྡེ་ལྷན་ཚོགས་སུ་སྲིད་འཛིན་འོས་འདེམས་སླད་གྲ་བསྒྲིགས་གནང་ཡོད་འདུག་གོ