འབྲས་ལྗོངས་མངའ་སྡེའི་ཆབ་སྲིད་བློན་ཆེན་བཟུར་པ་ནར་བ་འ་ཌུར་བན་ཌ་རི་མཆོག་སྐུ་གཤེགས་པ།

འབྲས་ལྗོངས་མངའ་སྡེའི་ཆབ་སྲིད་བློན་ཆེན་བཟུར་པ་ནར་བ་འ་ཌུར་བན་ཌ་རི་མཆོག་གུང་ལོ་༧༦ ལ་སྐུ་གཤེགས་ཡོད་པ་རེད་འདུག་   མངའ་སྡེའི་བློན་ཆེན་ཐེངས་༣ གནང་བའི་མི་སྣ་ཁོང་གིས་དབུགས་མཐའ་མ་སྨན་ཁང་གི་ནང་དུ་ལེན་ཡོད་པ་རེད་འདུག་   དེའང་ཁོང་གིས་འབྲས་ལྗོངས་མངའ་སྡེར་ཕྱི་ལོ་༡༩༧༩ ནས་༡༩༩༤ བར་འཛིན་སྐྱོང་གནང་ཡོད་འདུག།