ཡུ་ནེ་ཊ་ཌ་ཨ་རབ་ཨེ་མི་རེ་ཊས་ཀྱི་གཞུང་འབྲེལ་འགན་འཛིན་ཞིག་གིས་ཀ་ཊར་དང་གཞན་ཨ་རབ་ལུང་པའི་དབར་རྩོད་རྙོག་རྟོགས་ཞིབ་ཆེད་དུ་རྒྱལ་སྤྱིའི་རོགས་རམ་དགོས་སྐོར་གསུངས་གནང་བ།

ཡུ་ནེ་ཊ་ཌ་ཨ་རབ་ཨེ་མི་རེ་ཊས་ཀྱི་གཞུང་འབྲེལ་འགན་འཛིན་ཞིག་གིས་ཀ་ཊར་དང་གཞན་ཨ་རབ་ལུང་པའི་དབར་རྩོད་རྙོག་རྟོགས་ཞིབ་ཆེད་དུ་རྒྱལ་སྤྱིའི་རོགས་རམ་དགོས་སྐོར་གསུངས་གནང་ཡོད་པ་རེད་འདུག་   དེ་མ་བཟད་ཀ་ཐར་རྒྱལ་ས་ཌོ་འ་རུ་གནོན་ཤུགས་ཀྱིས་སྒྲུབ་འབྲས་ལེགས་པོ་བྱུང་གི་ཡོད་སྐོར་ཡང་གསུངས་འདུག།
དེའང་སོ་ཌི་ཨ་རེ་བི་ཡ་དང་ཨ་རབ་དང་བ་རེན་དང་ཨི་ཇིབ་ཊི་བཅས་རྣམས་ཀྱིས་ཀ་ཊར་ལ་སྔོན་ཟླ་བའི་ཕྱི་ཚེས་༥ ནས་དམ་བསྒྲག་བཀའ་ཆད་གཏོང་ཡོད་པ་དང་དེས་ཀ་ཊར་ལ་དྲག་སྤྱོད་པར་དངུལ་གཏོང་བྱས་པའི་སྐྱོན་འཛུགས་ཀྱིས་རྒྱལ་པོའི་རིང་ལུགས་ཀྱི་རྒྱལ་ཁབ་དེའི་ལྷན་དུ་འབྲེལ་བ་གཅོད་ཡོད་པ་རེད་འདུག།