སྲིད་བློན་མོ་དྷི་མཚོག་གིས་རྒྱ་གར་གྱི་མངའ་བསྡེ་ཡོངས་ལ་བ་ཕྱུགས་རྐྱེན་པའི་ཁྲིམས་འགལ་གྱིས་དྲག་སྤྱོད་པ་རྣམས་ལ་ཁྲིམས་གཅོད་ལག་བསྟར་བཙན་པོ་གནང་བ་འབོད་སྐྱུལ་བཞུ་བ།

སྲིད་བློན་མོ་དྷི་མཚོག་གིས་རྒྱ་གར་གྱི་མངའ་བསྡེ་ཡོངས་ཀྱི་མགོ་དཔོན་ཁག་ལ་བ་ཕྱུགས་སྲུང་སྐྱོབ་ཀྱི་མིང་ཐོག་ཁྲིམས་འགལ་གྱིས་དྲག་སྤྱོད་པ་རྣམས་ལ་ཁྲིམས་གཅོད་ལག་བསྟར་བཙན་པོ་གནང་བ་འབོད་སྐྱུལ་བཞུ་འདུག་ སྲིད་བློན་མཆོག་གིས་བ་ཕྱུགས་སྲུང་སྐྱོབ་ཆེད་གཞུང་འབྲེལ་ཁྲིམས་ཡོད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དུ་འཇུག་པ་ནི་འགྲིག་ངེས་མེད་པ་ཞིག་ཡིན་བཅས་བརྗོད་འདུག་ སྲིད་བློན་མཆོག་གིས་གནད་དོན་དེ་དག་ལ་སྲིད་དོན་དང་ཆོས་ལུགས་ཀྱི་ཚོན་རྩི་གཏོང་བ་ནི་རྒྱལ་ཁབ་ལ་ཕན་ནུས་མེད་པ་ཞིག་ཡིན་ཅེས་བསྒྲགས་འདུག་ དེ་བཞིན་སྲིད་དོན་ཚོགས་པ་ཡོངས་རྫོགས་གཅིག་འགྱུར་ཐོག་ངན་པ་བརྒྱུད་སླད་ལྡོག་པར་འབོད་པ་དང་རྒྱ་གར་དུ་ཇི་ཨེས་ཊི་ཁྲིམས་གསར་དུ་ལག་བསྟར་གནང་སྐབས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་གནང་འདུག་ སྐུ་ཞབས་མཚོག་གིས་སྲིད་དོན་ཚོགས་པ་ཡོངས་ལ་ཆར་དུས་ཀྱི་གྲོས་ཚོགས་ཚོགས་ཐུན་ཐོན་སྐྱེད་ཅན་ཞིག་ཐོན་པར་རོགས་སྐྱོར་གནང་བར་འབོད་འདུག་གོ