ཨ་མར་ནཏ་གནས་མཇལ་ཆོས་བཞུ་བའི་སྦ་སེ་བྲག་གཡང་དུ་འཛག་སྟེ་ཆོས་བཞུ་བ་༡༦ འདས་གྲོངས་སུ་ཕྱིན་པ; སྲིད་བློན་མོ་དྷི་མཆོག་གིས་རྐྱེན་ངན་བར་ཆད་ལ་དུང་སེམས་མཉམ་སྐྱེད་བཞུས་པ།


རེས་གཟའ་ཉི་མར་རྒྱ་གར་གྱི་ཇ་མུ་ཀཤ་མིར་མངའ་བསྡེ་ཡི་རམ་བན་རྗོངས་ཁོངས་སུ་ཡོད་པའི་ཇ་མུ་སི་རི་ན་གར་རྒྱལ་ལས་དུ་ཨ་མར་ནཏ་གནས་མཇལ་ཆོས་བཞུ་བའི་སྦ་སེ་བྲག་གཡང་དུ་ལྷུང་སྟེ་ཆོས་བཞུ་བ་༡༦ འདས་གྲོངས་སུ་ཕྱིན་པ་དང་གཞན་༡༩ རྨས་སྐྱོན་བྱུང་འདུག་ ས་གནས་ཆེས་མཐོའི་སྐོར་སྲུང་བས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་ལ་རྨས་སྐྱོན་བྱུང་བའི་ཆོས་བཞུ་བ་༡༩ རྣམས་གནམ་ཐོག་འོར་འདྲེན་གནང་ཡིན་པ་བརྗོད་འདུག་ དེ་དག་ལས་ཆས་བཞུ་བ་༨ ལ་རྨས་སྐྱོན་ཆུང་ཚག་ལས་བྱུང་མེད་པ་བསྒྲགས་འདུག་ རྒྱ་གར་དབུས་གཞུང་གིས་ཉེ་ཆར་ཨ་མར་ནཏ་གནས་མཇལ་ཆོས་བཞུ་བ་ལ་འཇིག་སྐུལ་རིང་ལུགས་ཀྱིས་གནོད་འཚེ་བྱུང་རྗེས་སྲུང་སྐྱོབ་མི་སྣ་ཆ་ཚང་དམིགས་བསལ་བག་ཟོན་ཉེན་བརྡ་གནང་འདུག་ སྲིད་བློན་ཡིག་ཚང་གི་མངའ་བསྡེ་བློན་ཆེན་ཇི་ཏེན་དྷར་སིང་དང་ནང་སྲིད་བློན་ཆེན་ཧནསརཇ་གན་ག་རམ་ཨ་ཧིར་དང་ཇ་མུ་ཀཤ་མིར་མངའ་བསྡེ་ཡི་བློན་ཆེན་མེཧ་བུ་བ་མུཕ་ཏི་དང་མངའ་སྡེའི་སྲིད་སྐྱོང་དང་དམག་དཔོན་ ཆེས་མཐོའི་གཞུང་མི་ཁག་དང་སྐོར་སྲུང་བ་དང་གཞོགས་འདེགས་དཔུང་དམག་བཅའ་ཀྱི་མཉམ་འཛོམས་ཐོག་ས་གནས་ཀྱི་སྲུང་སྐྱོབ་གནས་སྟངས་སྐྱར་ཞིབ་གནང་འདུག་གོ