གུཝཱཧཱཊི་རྒྱལ་སར་རྒྱལ་ཡོངས་ལག་ཤེས་བཟོ་རིག་ཉིན་མོའི་སྲུང་བརྩི་བཞུ་རྒྱུ་ཡིན་པ།

དེ་རིང་རྒྱལ་ཡོངས་ལག་ཤེས་བཟོ་རིག་གི་ཉིན་མོ་ཡིན་པ་དང་གུཝཱཧཱཊི་རྒྱལ་སར་རྒྱལ་ཡོངས་ལག་ཤེས་བཟོ་རིག་ཉིན་མོའི་མཛད་སྒོ་གཙོ་བོ་དེ་སྲུང་བརྩི་བཞུ་རྒྱུ་ཡིན་པ་རེད་འདུག་   དེའང་དེ་འདྲའི་ཉིན་མོ་སྲུང་བརྩི་བཞུ་བ་ནི་རྒྱལ་ཡོངས་ཉིན་མོར་བརྩི་བ་ནི་ཐེངས་གསུམ་པ་དེ་ཡིན་པ་དང་དེ་ནི་རྒྱལ་ཁབ་ནང་དུ་ལག་ཤེས་བཟོ་རིག་གི་ཚོང་འབྲེལ་གོང་འཕེལ་ཡོང་ཆེད་དང་ལག་ཤེས་བེད་སྤྱོད་ཡོང་ཆེད་དུ་རྒྱབ་བསྐྱོར་ཡིན་པར་མཚོན་གྱི་ཡོད་པ་རེད་འདུག།
གུཝཱཧཱཊི་ནང་དུ་རྒྱལ་ཡོངས་མཛད་སྒོ་དེར་ཐག་ལས་ལས་དོན་གྱི་བློན་ཆེན་གཞོན་པ་ཨཇེ་ཊམཊཱ་མཆོག་དང་ཨཱསཱམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སཱརྦཨཱནྣཌ་སོནོཝཱལ་དང་གཞན་བློན་ཆེན་རྒན་པ་རྣམས་ཀྱིས་མཛད་སྒོ་དེར་མཉམ་བཞུགས་གནང་རྒྱུ་ཡིན་པ་རེད་འདུག།