སྐོར་སྲུང་ཞིབ་འཇུག་པ་གཞོན་པ་ཞིག་དང་སྐོར་འཆག་པ་ཞིག་ནག་སལ་གྱི་དྲག་སྤྱོད་པའི་ལྷན་དུ་མེ་མདའ་འཐབ་འཛིང་སྐབས་གསོད་པ།

ཁས་ས་རཱཇནནྜགཱའོ་ཡི་ས་འཁུལ་གྱི་ནག་གསེབ་ཏུ་སྐོར་སྲུང་ཞིབ་འཇུག་པ་གཞོན་པ་ཞིག་དང་སྐོར་འཆག་པ་ཞིག་ནག་སལ་གྱི་དྲག་སྤྱོད་པའི་ལྷན་དུ་མེ་མདའ་འཐབ་འཛིང་སྐབས་གསོད་ཡོད་པ་དང་རང་རེའི་རླུང་འཕྲིན་ཁང་གི་གསར་འགོད་པས་དྲག་སྤྱོད་པ་དེ་ཚོས་སྐོར་སྲུང་བར་མཱཧཱརཤཊྲ་དང་ཆཏྟིསགཱར་ས་མཚམས་ཀྱི་ནག་གསེབ་དཀྱིལ་དུ་འཐབ་རྒོལ་བྱས་པ་རེད་འདུག་   འདས་གྲོངས་སུ་སོང་བའི་སྐོར་སྲུང་བ་རྒན་གཞོན་གཉིས་ཀ་ཆཏྟིསགཱར་ནས་ཡིན་པ་རེད་འདུག།