ཁྲིམས་དཔོན་ཌིཔཀ་མིསརཱ་མཆོག་ལ་རྒྱ་གར་གྱི་ཁྲིམས་དཔོན་གཙོ་བོར་བསྐོ་བཞག་བྱེད་རྒྱུ་ཡིན་པ།

ཁྲིམས་ཁང་མཐོ་ཤོས་ཀྱི་ཁྲིམས་ཞིབ་པ་རྒན་ཤོས་ཁྲིམས་དཔོན་ཌིཔཀ་མིསརཱ་མཆོག་ལ་ཁས་ས་ཡོང་རྒྱུ་འདས་པའི་རྒྱ་གར་གྱི་ཁྲིམས་དཔོན་གཙོ་བོར་བསྐོ་བཞག་བྱེད་རྒྱུ་ཡིན་པ་རེད་འདུག་   དེའང་ཁས་ས་ཕྱི་དྲོར་ཁྲིམས་ཞིབ་སྲིད་བློན་ལྷན་ཚོགས་ཀྱིས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སུ་ཁྲིམས་དཔོན་ཌིཔཀ་མིསརཱ་མཆོག་ལ་རྒྱ་གར་གྱི་ཁྲིམས་དཔོན་གཙོ་བོར་བསྐོ་བཞག་གནང་ཡོད་པ་རེད་འདུག་  གུང་ལོ་༦༣ བཟིན་པའི་ཁྲིམས་དཔོན་མཆོག་གིས་ད་ལྟའི་ཁྲིམས་དཔོན་གཙོ་བོ་ཇེ་ཨེས་ཁེའར་མཆོག་ནས་ཕྱི་ཟླ་༨ ཚེས་༢༧ ལ་རྒས་ཡོལ་རྗེས་སུ་ལས་འགན་འགོ་འཛུགས་གནང་རྒྱུ་རེད་འདུག།