པུཆཾ་ས་འཁུལ་དུ་པཱཀིསྟཱན་དམག་མི་དང་འཐབ་རྒོལ་སྐབས་སུ་རྒྱ་གར་དམག་མི་ཞིག་ལུས་སྲོག་བློས་བཏང་དགོས་འཁེལ་བ།

ཁས་ས་རེས་གཟའ་མིག་དམར་ཇམུ་ཀཤྨིར་མངའ་སྡེའི་པུཆཾ་ས་འཁུལ་དུ་པཱཀིསྟཱན་དམག་མི་དང་འཐབ་རྒོལ་སྐབས་སུ་རྒྱ་གར་དམག་མི་ཞིག་ལུས་སྲོག་བློས་བཏང་དགོས་འཁེལ་ཡོད་པ་རེད་འདུག།
སྲུང་སྐྱོབ་བློན་ཆེན་ལྷན་ཚོགས་ཀྱི་མགྲིན་ཚབ་པ་མཆོག་གིས་རང་རེའི་རླུང་འཕྲིན་ཁང་དུ་པཱཀིསྟཱན་སྲུང་དམག་རྣམས་ཀྱི་ཁས་ས་ཕྱི་དྲོའི་ཚོུད་༣ པར་རྒྱ་གར་དམག་མིའི་སྡོད་སར་མེ་མདའ་རྒྱབ་རྒྱུ་འགོ་འཛུགས་པ་དང་དེར་ལེན་འདེབས་སུ་རྒྱ་གར་དམག་མིས་ཀྱང་མེ་མདའ་རྒྱབ་ཡོད་སྐོར་གསུངས་གནང་ཡོད།
དེར་ཡིད་སྐྱོ་བའི་གནས་ཚུལ་ལ་དམག་མི་པཱཝན་སིགཾ་སུགརཱ་མཆོག་ལ་རྨས་སྐྱོན་ཤོར་བ་དང་རྗེས་སུ་ཁོང་འདས་གྲོངས་སུ་སོང་ཡོད་   ཁོང་ནི་ལོ་སྣ་༢༡ ཡིན་པ་དང་ཨུཊརཁཱནྜ་མངའ་སྡེའི་པིཋོརཱགར་ས་འཁུལ་གྱི་ཅཱུར་སུགརི་གྲོང་གསེབ་ནས་ཡིན་པ་རེད།