སྲིད་འཛིན་མཆོག་གིས་རྒྱ་གར་ནས་ཕྱིར་འབུད་སྒེར་ལངས་ཀྱི་དུས་དྲན་༧༥ པ་ལ་རང་བཤག་ཏུ་སྣེ་ལེན་གནང་བ།

སྲིད་འཛིན་རཱམ་ནཱཐ་ཀོཝིནྜ་མཆོག་གིས་ཁས་ས་རྒྱ་གར་ནས་ཕྱིར་འབུད་སྒེར་ལངས་ཀྱི་དུས་དྲན་༧༥པ་ལ་རང་བཤག་རཤཊྲཱཔཱཏི་བཱཝན་ལ་རྒྱལ་ཡོངས་ནས་རང་བཙན་ཐབ་བརྩོད་པ་༩༣ སྣེ་ལེན་གནང་ཡོད་པ་དང་ཁོང་རྣམ་པར་ཆེ་བསྟོད་གནང་ཡོད་པ་རེད་འདུག།
སྲིད་འཛིན་གཞོན་པ་འམིཌ་ཨནསཱརི་དང་སྲིད་བློན་ནཱརེནཌར་མོཌི་རྣམས་ཀྱིས་ཀྱང་རང་བཙན་ཐབ་བརྩོད་པ་རྣམས་སུ་དགའ་བསུ་གནང་བ་དང་མཛད་སྒོ་དེར་ནང་སྲིད་བློན་ཆེན་རཱཇནཱཐ་སིགཾ་དང་འབྲེལ་ལམ་བློན་ཆེམ་མཱནོཇ་སིནཧཱ་མཆོག་དང་ནང་སྲིད་བློན་ཆེན་གཞོན་པ་ཀིརཱན་རིཇིཇུ་དང་ཧཱནྶརཱཇ་ཨཧིར་དང་གཞན་མཛད་གཙོ་རྣམས་ཀྱིས་མཉམ་བཞུགས་གནང་ཡོད་པ་རེད་འདུག།