རྒྱ་གར་དང་ཨ་རི་རྒྱལ་ཁབ་དག་གིས་མཉམ་སྦྲེལ་ཐོག་རྒྱལ་སྤྱི་ཁེ་ལས་པའི་ཚོགས་ཆེན་ཧཡཌིརཱབཱཌ་ལ་གོ་སྒྲིག་གནང་རྒྱུ་ཡིན་པ།

སྲིད་བློན་ནཱརེནཌྲ་མོཌི་མཆོག་གིས་རྒྱ་གར་དང་ཨ་རི་རྒྱལ་ཁབ་དག་གིས་འདི་ལོའི་ཕྱི་ཟླ་༡༡ ཚེས་༢༨ ལ་མཉམ་སྦྲེལ་ཐོག་རྒྱལ་སྤྱི་ཁེ་ལས་པའི་ཚོགས་ཆེན་ཧཡཌིརཱབཱཌ་ལ་གོ་སྒྲིག་གནང་རྒྱུ་ཡིན་པ་རེད་འདུག་   དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊྲམྤ་མཆོག་གི་བུ་མོས་ཨ་རིའི་སྐུ་ཚབ་རྣམས་ཀྱི་འགོ་འཁྲིད་གནང་རྒྱུ་རེད་འདུག་   དེའང་ཁས་ས་ཕྱི་དྲོར་སྲིད་བློན་མོཌི་མཆོག་གིས་སྤྱི་ཚོགས་དྲ་རྒྱ་ཊྭི་ཊར་ནང་དུ་ཐག་གཅོད་དེའི་སྐོར་གསུངས་གནང་བ་དང་ཁོང་གིས་ད་དུང་ཚོགས་ཆེན་དེ་ནི་ཁེ་ལས་པ་རྣམས་སུ་རྒྱལ་སྤྱིའི་དབུ་འཁྲིད་དང་ལྷན་དུ་མཇལ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་སྐོར་ཡང་གསུངས་གནང་འདུག།