ཨ་རིའི་པེན་ཊ་གོན་གཞུང་གིས་ཨ་རི་དང་རྒྱ་གར་དབར་དང་ཞེན་མཐུན་སའི་གནད་དོན་མང་དུ་འགྲོ་ཡི་ཡོད་སྐོར་གསུངས་པ།

ཨ་རི་དང་རྒྱ་གར་དབར་མཐུན་འབྲེལ་ཡར་རྒྱས་འགྲོ་ཡོད་པས་ཨ་རིའི་པེན་ཊ་གོན་གཞུང་གིས་ཨ་རི་དང་རྒྱ་གར་དབར་དང་ཞེན་མཐུན་སའི་གནད་དོན་མང་དུ་འགྲོ་ཡི་ཡོད་སྐོར་གསུངས་པ་དང་དམིགས་བསལ་མཚོ་ཁའི་གནད་དོན་ཐོག་མཐུན་འབྲེལ་ཤུགས་ཆེར་འགྲོ་སྐོར་པེན་ཊ་གོན་གྱི་གཞུང་འབྲེལ་ལས་བྱེད་ཅིག་གིས་གསུངས་གནང་ཡོད་འདུག་   དེ་མ་བཟད་ལྷོ་ཨེ་ཤི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་དམག་སྲུང་ལྷན་ཁང་གི་དྲུང་ཆེ་ལས་རོགས་གཞོན་པ་ཇོ་སེབ་ཕེལ་ཊར་མཆོག་གིས་ཨ་རི་དང་རྒྱ་གར་དབར་ལོ་བཅུ་ཕྲག་གཉིས་ཀྱི་རིང་དང་ཞེན་མཐུན་པ་དང་བཟང་སྤྱོད་མཐུན་པས་འབྲེལ་བ་ཡར་རྒྱས་འགྲོ་ཡོད་པ་དངམཐུན་འབྲེལ་དེ་ནི་རྒྱལ་ཁབ་གཉིས་ཀའི་ནང་དུ་རྒྱབ་བསྐྱོར་ཤུགས་ཆེན་ཐོབ་པའི་སྐོར་གསུངས་གནང་འདུག།