ཆར་དུས་སྐབས་ཀྱི་རྒྱ་གར་གྱི་གྲོས་ཚོགས་ཚོགས་འདུ་མཇུག་བསྡུ་བ་; གྲོས་ཚོགས་གཉིས་ཀ་དུས་ཚོད་ངེས་མེད་བར་མཚམས་འཇོག་གནང་བ།

རྒྱ་གར་གྱི་ཆར་དུས་སྐབས་ཀྱི་གྲོས་ཚོགས་སྒྲུབ་སྟེ་གྲོས་ཚོགས་གོང་མ་དང་འོག མ་གཉིས་དུས་ཚོད་ངེས་མེད་རིང་བར་མཚམའ་འཇོག་འདུག་ གྲོས་ཚོགས་འོག་མའི་ཚོགས་གཙོ་སུ་མི་ཏ་ར་མ་ཧ་ཇན་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་བསྡུ་འཚམས་འཇོག་གནང་སྟེ་ད་ལན་གྱི་ཆུ་ཚོད་༧༡ ལྡན་པའི་ཚོགས་ཐུན་༡༩ བྱུང་ཡོད་པ་བཤད་འདུག་ ཁོ་མོས་ཚོགས་ཐུན་དེར་གྲོས་ཚོགས་ཀྱིས་Supplementary Demands for Grants (General) དང་ Demands for Excess Grants (General) ཁྲིམས་འཆར་གཉིས་ལག་བསྟར་གཏན་འབེབ་གནང་ཐུབ་པ་བྱུང་ཡོད་པ་བརྗོད་འདུག་

ད་དུང་ཆར་དུས་སྐབས་ཀྱི་གྲོས་ཚོགས་ཚོགས་འདུར་ཁྲིམས་འཆར་ ༡༧ ལས་ ༡༤ མུ་མཐུད་ཁས་ལེན་གནང་ཡོད་པ་བརྗོད་འདུག་ ལྕམ་མ་ཧ་ཇན་མཆོག་གིས་འགོག་རྐྱེན་ཐུས་ཤོར་ལ་སོགས་པས་གྲོས་ཚོགས་ཀྱི་ཆུ་ཚོད་༣༠ ཙམ་ཆུད་ཟོས་སུ་བཏང་ཡང་གྲོས་ཚོགས་ཀྱིས་ཆུ་ཚོད་༡༠ འཕར་མ་བསྡད་དེ་གལ་ཆེན་གྱི་མི་མང་གི་ཕན་བདེ་སྒྲུབ་པའི་གནད་དོན་ཐད་གོ་བསྡུར་གནང་ཡོད་པ་བརྗོད་འདུག་ དྲི་ལན་གྱི་ལས་ཚན་རྗེས་ཡིག་ཆ་བཀྲམས་སྟེ་ཚོགས་གཙོ་མཆོག་གིས་གྲོས་ཚོགས་དུས་ངེས་མེད་རིང་མཚམས་འཇོག་གནང་འདུག་གོ་