རྒྱ་གར་གྲོས་ཚོགས་ཀྱི་ཞིབ་དཔྱོད་ལྷན་ཚོགས་ཀྱིས་པ་ཀིས་ཏན་གྱིས་ཀཤ་མིར་ལུང་གཤོངས་སུ་འཇིག་སྐྱུལ་རིང་ལུགས་དངུལ་གྱི་རོགས་སྐྱོར་གྱིས་སྲ་བརྟན་ཟིང་འཁྲུག་ཡོངས་བར་འབད་པ།

རྒྱ་གར་གྲོས་ཚོགས་ཀྱི་ཞིབ་དཔྱོད་ལྷན་ཚོགས་ཀྱིས་པ་ཀིས་ཏན་གྱིས་པ་ཀིས་ཏན་གྱི་དབང་འཛིན་འོག་ཡོད་པའི་ཀཤ་མིར་གྱི་ས་གནས་ཁག་ཁྲིམས་འགཀ་འཛིན་བཟུང་གནང་པ་དང་ཀཤ་མིར་ལུང་གཤོངས་སུ་འཇིག་སྐྱུལ་རིང་ལུགས་སུ་དངུལ་གྱི་རོགས་སྐྱོར་གྱིས་སྲ་བརྟན་ཟིང་འཁྲུག་ཡོངས་བར་འབད་བཞིན་ཡོད་པ་བརྟག་ཞིབ་བྱུང་འདུག་

ཁ་སང་གྲོས་ཚོགས་སུ་ཕྱི་སྲིད་གནད་དོན་ཐད་ལྷན་ཚོགས་ཀྱི་སྙན་ཐོར་རྒྱ་གར་གྱི་ཇ་མུ་ཀཤ་མིར་མངའ་བསྡེར་དངོས་མེད་དང་གཞི་བརྩ་མེད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཉེས་འཛུགས་བྱས་སྟེ་རྫུན་གྱི་གཏམ་གླེང་བརྗོད་པ་སྙན་སེང་བཞུས་འདུག་

སྐུ་ཞབས་ཤ་ཤི་ཐ་རུར་མཆོག་གིས་དབུ་ཁྲིད་པའི་ལྷན་ཚོགས་ཀྱིས་བསམ་ཚུལ་ཤུགས་ཆེན་ཐོག་པ་ཀིས་ཏན་གྱིས་རང་རེའི་བྱ་སྤྱོད་ལ་ལེགས་བཅོས་མི་བྱས་པ་ན་རྒྱ་གར་གྱིས་བདག་སྒྲའི་ཐོག་གིལ་ཇིཏ་དང་བ་ལིས་ཏན་གཙོས་པའི་པ་ཀིས་ཏན་གྱི་འཛིན་བཟུང་གནང་བའི་ཀཤ་མིར་ཐོབ་ཐང་རྩོད་དགོས་པ་བརྗོད་འདུག་