རྒྱ་གར་མེ་འཁོར་བློན་ཆེན་ལྷན་ཚོགས་ཀྱིས་མེ་འཁོར་གསར་པ་དུ་མའི་ཞབས་འདེགས་དེ་རིང་ནས་འགོ་བཙུགས་རྒྱུ་ཡིན་པ།

རྒྱ་གར་མེ་འཁོར་བློན་ཆེན་ལྷན་ཚོགས་ཀྱིས་ལྕགས་ལམ་དུ་མའི་ནང་དུ་མེ་འཁོར་གསར་པ་མང་པོའི་ཞབས་འདེགས་དེ་རིང་གཟའ་འཇུག་ལ་འགོ་བཙུགས་རྒྱུ་ཡིན་པ་དང་ཨུཊྚར་པྲཌེཤ་དང་ཨོཌིཤཱ་དང་བིའར་དང་པཾཇཱབ་དང་ལྡི་ལི་དང་མཌ་ཡཱ་པྲ་ཌེཤ་དང་མཱཧཱརཱཤཊྲ་དང་གུཇརཱཏ་དང་ཇམུ་ཀཤམིར་བཅས་མངའ་སྡེ་རྣམས་སུ་མེ་འཁོར་གསར་པའི་མཐུན་རྐྱེན་འགོ་བཙུགས་བྱེད་རྒྱུ་ཡིན་པ་དང་དེས་མངའ་སྡེ་དེ་རྣམས་སུ་ཡོད་པའི་མི་མང་སྟོང་ཕྲག་མང་པོར་ཕན་ཐོགས་བྱུང་རྒྱུ་ཡིན་རེད་འདུག།

དེའང་མེ་འཁོར་བློན་ཆེན་སུརེཤ་པྲབུ་མཆོག་གིས་ལྡི་ལིའི་མེ་འཁོར་གསར་པའི་ཞབས་འདེགས་ཁ་ཤས་ཀྱི་དབུ་འབྱེད་དེ་རིང་གཟུགས་མཐོང་རྙན་པར་བརྒྱུད་གནང་རྒྱུ་ཡིན་པ་དང་སང་ཉིན་མུམ་བེ་དུ་མེ་འཁོར་གསར་པའི་དབུ་འབྱེད་གནང་རྒྱུ་རེད།