སི་རི་ཡའི་རྒྱལ་ནང་གི་ཇོར་ཌེན་ས་མཚམས་སུ་རང་ཤིས་འབར་གས་ཀྱིས་མི་༢༣ འདས་གྲོངས་སུ་སོང་བ།

སི་རི་ཡའི་རྒྱལ་ནང་གི་ཇོར་ཌེན་ས་མཚམས་སུ་རང་ཤིས་འབར་གས་ཀྱིས་མི་༢༣ འདས་གྲོངས་སུ་སོང་བ་དང་མི་མང་པོར་རྨས་སྐྱོན་ཤོར་ཡོད་འདུག།

དེའང་སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གི་དཔྱད་ཞིབ་ཁང་གིས་རང་ཤིས་འབར་གས་ཀྱིས་ཁས་ས་ཇཱཨིཤ་ཨལ་ཨིསལམ་གྱི་དྲག་སྤྱོད་པའི་སྡེའི་གནས་སྡོད་ས་ན་སིབ་ས་མཚམས་ཉེ་འགྲམ་དུ་འབར་གས་བྱས་ཡོད་པ་དང་འབར་གས་ཀྱིས་མི་སྲོག་གཅོད་པ་རྣམས་ནི་མང་ཆེ་བ་ཇཱཨིཤ་ཨལ་ཨིསལམ་གྱི་མི་ཡིན་པར་ཤེས་གསལ་འདུག།