ཨ་རིའི་སྲིད་འཛིན་མཆོག་གིས་བྱང་ཀོ་རི་ཡ་ལ་ཉེན་བརྡ་གྱོང་པོ་བཏང་གནང་བ་དང་རྒྱ་ནག་གིས་རྒྱལ་ཁབ་དེ་གཉིས་ལ་དགག་ཆ་བྱེད་དགོས་ཀྱི་རེ་སྐུལ་ཞུས་པ།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌི་ཊྲམྤ་མཆོག་གིས་ཁས་ས་བྱང་ཀོ་རི་ཡ་ཡིས་དཀའ་རྙོག་འགོ་བཙུགས་ཚེ་ཨ་རིས་དམག་མིའི་འཐབ་བྱུས་རྣམས་གྲ་སྒྲིག་ཡོད་པའི་ཉེན་བརྡ་གྱོང་པོ་བཏང་གནང་ཡོད་པར་རྒྱ་ནག་གིས་རྒྱལ་ཁབ་དེ་གཉིས་ལ་དགག་ཆ་བྱེད་དགོས་ཀྱི་རེ་སྐུལ་ཞུས་ཀྱིས་ཡོད་པ་རེད་འདུག།

ཨ་རིའི་ཉེན་བརྡ་དེ་ནི་བྱང་ཀོ་རི་ཡས་ཨ་རིའི་ས་འཁུལ་གྱི་གུ་འམ་ས་ཆར་མེ་ཤུགས་འཕུར་མདའ་ཡི་འབར་གས་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པས་ཡིན་པ་རེད་འདུང།